R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༨ན-༣༤༥
[A:༧༨ན-༣༤༥] ༄༅། །པ་ལོ་ཆེན་ཆོས་སྐྱོང་བཟང་པོ། དུས་སྨོ་བ་བླ་མ་དགེ་འདུན་རྒྱ་མཚོ། ལས་ཀྱི་ཕྱག་གཡོག་ཆོས་རྗེ་ནོར་བུ་བ། ཁ་སྐོང་གི་དགེ་འདུན་དཀའ་བཞི་བ་རྒྱལ་བ་དོན་གྲུབ། འབྲས་བུ་ཚལ་བ། ཡང་དབེན་མཁན་པོ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ། མཁན་པོས་མཚན་གནང་བ། བྱམས་པ་གླིང་པ་གཉིས་པ་ཐུ་བཙུན་ངག་དབང་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ་དཔོན་སློབ་གསུམ་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་ཡོངས་སུ་རྫོགས་པར་བསྙེན་པ་མཛད། དེར་ལས་ཀྱི་སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་གདམ་ངག་བརྗོད་པ་ཡང་ཐུགས་ནས་གནང་ཞིང། བསླབ་བྱའི་ཚུལ་ཡང་སྐབས་དོན་རྣམས་མ་ཚང་བ་མེད་པར་གནང་བས། དཔོན་སློབ་རྣམས་འཕགས་པ་ཉེ་བར་འཁོར་ལྟ་བུའི་ཐུགས་དད་རྩེ་ཅིག་པར་གྱུར་ཏོ།།དེའི་མོད་ལ་བདེ་ཆེན་ཡངས་པ་ཅན་ལ་དཔོན་སློབ་ལྷན་ཐེགས་ཀྱི་སྒོ་ནས། རྗེ་དྲུང་དཔོན་སློབ་སྔ་པོར་བཏེག། ལྷུན་གྲུབ་ལྷ་རྩེ་དང། འབེ་མཁར་བའི་གྲ་ཚང་གིས་སེར་སྦྲངས་དང་བཅས་པས་སྤྱན་དྲངས། གསང་ཕུ་ཆེན་པོ་དོན་གྲུབ་ལས་བཟངས་པས་གཙོ་མཛད་དགེ་འདུན་ཕྱེད་དང་སུམ་བརྒྱ་ཙམ་ལ་མང་ཇ་། མཁས་པའི་དབང་པོའི་ཐུགས་བཞུགས་པའི་སྐུ་ལ་ན་བཟའ། དགེ་འདུན་རྣམས་ལའང་འབུལ་བ་འགྱེད་དང་བཅས་པ་གནང་བའི་རྗེས་སུ། ལམ་ཟབ་བླ་མའི་རྣལ་འབྱོར་དང། ཞེན་པ་བཞི་བྲལ་སོགས་གསུང་ཆོས་གནང། དེའི་ཉིན་གོང་དཀར་