R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༧བ-༣༤༤
[A:༧༧བ-༣༤༤] རྒྱས་ལའང་སོ་སོའི་དགོངས་པ་དང་སྦྱར་བའི་དབང་རྗེས་གནང་སོགས་ཀྱིས་དགྱེས་པ་བསྐྱེད། ཕེམ་གདོང་དུ་ན་བཟའ་གོས་རྟ་ཧུཾང་གི་འགན་ཕྱར་སོགས་མཁོ་སྒྲིགས་ནས་ཕུལ། སླར་ཡང་སྣེའུ་རྩེ་ནས་གདན་འདྲེན་པ་གནང་བའི། ཚེ་དཔག་མེད་ལྷ་བཅུ་བཞིའི་དཀྱིལ་འཁོར་དུ་དགུང་གྲངས་དང་མཉམ་པའི་དབང་། རྟ་མགྲིན། གྲུབ་རྒྱལ་མའི་རྒྱ་གཞུང་མ་རྟེན་པའི་དཔའ་བོ་གཅིག་པའི་དབང། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང། རྣམ་ཐོས་སྲས་ཞི་བ་ནོར་དུ་སྒྲུབ་པ་གཙོ་འཁོར་དང་བཅས་པའི་རྗེས་གནང་སོགས་དགོངས་པ་གང་བར་ཕུལ་ཏེ། རིམ་པས་བྱམས་པ་གླིང་སྨོན་ལམ་ཆེན་མོ་ལ་ཕེབས་པའི། མི་དབང་ཞལ་ངོས་ཆིབས་ཧྲགས་གདན་འདྲེན་ཞུས། བཞུགས་གདན་དཔངས་སོགས་ཞབས་དྲུང་སྤྱན་སྔ་རིན་པོ་ཆེ་གང་ཡོད་ཀྱི་བཀུར་སྟི་ཆེན་པོས་མཆོད་པ་མཉེས་པར་བྱོས། སྨོན་ལམ་ཆེན་མོ་གྲོལ་རྗེས། དཔལ་འབྱོར་རབ་བརྟན་དུ། ཞབས་དྲུང་སྤྱན་སྔར་རིན་པོ་ཆེ་དཔོན་སློབ་སྤྱན་འདྲེན་ཞུས། ཐུ་བཙུན་ཆེན་པོ་བསོད་ནམས་འབྱུང་གནས་པ་སངས་རྒྱས་ཀྱི་བསྟན་པ་ལ་ཡོངས་སུ་རྫོགས་པར་བསྙེན་པའི་དགོངས་པས། གཞན་འཕྲུལ་དབང་བྱེད་དུ། ཐུབ་པའི་དབང་པོ་རྡོ་རྗེ་གདན་ཆུང་གིས་གཙོས་པའི་རྟེན་ངོ་མཚར་ཅན་དཔག་ཏུ་མེད་པ་སྤྱན་དྲངས། མཆོད་སྤྲིན་ནམ་མཁའ་དང་མཉམ་པས་མཆོད་པའི་དྲུང་དུ། མཁན་པོ་ཐམས་ཅད་མཁྱེན་པ་དཔལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ། ལས་ཀྱི་སློབ་དཔོན་མཁན་ཆེན་རིན་པོ་ཆེ་ཆོས་གྲུབ་སེང་གེ། གསང་སྟེ་སྟོན་