R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༧ན-༣༤༣
[A:༧༧ན-༣༤༣] ༄༅། །པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག་པ། སེང་གེ་སྒྲའི་རྒྱུད་དང། དེའི་གཟུངས་སོགས་གཟུངས་ཚན་མང་བ། རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉེར་བཞི་པ་རྣམས་དང། མ་པ་ལ། རིག་པ་མཆོག་གི་རྒྱུད། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་དང། ཙ་པ་ལ། ཕྱག་རྡོར་གྱི་སྙིང་པོ་བརྒྱད་ཀྱི་ཡ་གྱལ། རྡོ་རྗེ་རྣམ་པར་འཇོམས་པ། དེའི་བཤད་རྒྱུད། རྡོ་རྗེ་རི་རབ་ཆེན་པོ་རྩེ་མོའི་ཁང་བུ་བརྩེགས་པའི་གཟུངས། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ། མཆུ་སྡེ་ལྔའི་གཟུངས། ནོར་བུ་བཟང་པོའི་གཟུངས། སྣོད་གནས་དབང་པོ་ཇི་ལྟར་བྱུང་བའི་རྟོག་པ་སོགས་པ་དང་། གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ཕྱིར་སྟོན་པ་དང་དཔུང་བཟངས་ཀྱི་ཞུས་པའི་རྒྱུདལེའུ་བཅུ་དགུ་པ། འཇུག་པའི་སྤྱོད་པ་དཀྱིལ་འཁོར་དུ་དབང་བསྐུར་བ་སྟོན་པ་གསང་བ་སྤྱི་རྒྱུད་རྣམས་ཏེ། རྒྱུད་སྡེ་བཞི་ལས་བོད་དུ་འགྱུར་རོ་ཅོག་དཀར་ཆགས་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པ་དང། གཞན་ཡང་ཁྲོ་ཕུ་ལོ་ཙ་ཙཱ་བའི་མན་ངག་བརྒྱ་རྫར་ཚར་གྲགས་པ་རྒྱས་འབྲིང་བསྡུས་གསུམ་ལས། འབྲིང་བསྡུས་གཉིས་རྒྱས་པའི་ཁོངས་སུ་གཏོགས། དེ་ཉིད་ལ་ཆོས་ཀྱི་རྣམ་གྲངས་སུམ་བརྒྱ་དྲུག་བཅུ་རྩ་བཞི་ཡོད་པ་དབང་ལུང་ཁྲིད་ཀྱི་རིམ་པ་རྣམས་ཡོངས་སུ་རྫོགས་པ་དང། ཚེ་དཔག་མེད་ལྷ་དགུའི་དབང། གྲུབ་རྒྱལ་མ་ལྷ་བཅུ་བཞིའི་དབང་རྣམས་ཕུལ་ཞིང། འཕྱོང་རྒྱས་ནས་ཞང་ངོ་རྩེ་