R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༠བ-༣༣༠
[A:༧༠བ-༣༣༠] མགོན་བྱམས་པ་གླིང་གི་ཆོས་སྡེ་ཆེན་པོར་ཕེབས། ཉེར་བཞིའི་ཚ་རྟིང་མ་ནས་བྱམས་ཁང་དུ་སྨན་བླའི་སྨོན་ལམ་རྒྱས་པ། རྣམ་ཐར་སྒོ་གསུམ་དུ་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེའི་བཞུགས་གདན་སོར་བཞག་གི་ཐོག་ནས། གཞིས་བྱེས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་གཙོ་བོ་གནང་བའི་བསྔོ་བའི་དུས། གཏམ་གཞུང་སོགས་སྒྲིགས་མ་ལྟ་བུ་མ་ལགས་པའི་ཆོས་འབྱུང་མཐའ་དག་གི་དོན་ལྷོངས་ངེས་དང། མཐུན་གྱུར་རྣམས་ཀྱང་ཞག་གྲས་ཀྱི་བར་མ་ཟློས་པ་སོགས་ཀུན་ངོ་མཚར་བའི་གནས་སུ་གྱུར། ཁྱད་པར་ཉིན་དང་པོའི་ཡོན་ཡོངས་སུ་བསྔོ་བའི་སྐབས་སུ། མི་དབང་ཡུམ་སྲས་དང་བཅས་པ་ཞལ་ལས་བྱུང་བའི་རྟེན་འབྲེལ་གྱིས། ངོ་བོ་རང་ལ་མི་དབང་རིན་ཆེན་ཀུན་དགའ་ཆོས་སྐྱོང་གྲགས་པ་་རྣམ་རྒྱལ་དཔལ་བཟང་པོ་ཉིད་བར་དུ་གཅོད་པས་མི་བརྫི་བར་སྐུ་བལྟམས་པའི་སྔ་ལྟས་སུ་འདུག་བཀའ་ཕེབས། སྨོན་ལམ་ཆེན་མོ་གྲོལ་ནས་མཆོད་ཡོན་རྣམས་ཕོ་བྲང་ཆེན་པོ་རྒྱལ་ཆེན་གླིང་དུ་ཕེབས། དགྱེས་སྤྲོའི་བསྙེན་བཀུར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་མཆོད་ཅིང། དེའི་ངང་ནས་སྤྱི་གཟིམས་ཁང་ནས་སྐུ་ཁྱོས་ཀྱི་ཚུལ་དུ་འབུལ་བ་ཡང་དག་པར་མཛད། ཚེས་བཅོ་ལྔ་ལ་རྒྱལ་གླིང་ན་ཁར་གུར་ཆ་ཐེར་གྱི་རིམ་པ་རྣམས་ཕུབ་ཏེ་འཆི་མེད་ཀྱི་གནས་སུ་ཕེབས་པ་ལྟ་བུའི་བཀོད་པ་བཤམས། དེར་མཆོད་ཡོན་ཐམས་ཅད་ཕེབས་པའི། དགེ་འདུན་