R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༡ན-༣༣༡
[A:༧༡ན-༣༣༡] ༄༅། །རྣམས་ཚུལ་ཞུགས་ཡང་དག་པར་གནང། དེའི་ཕྱི་དེ་ཉིན་དབྱར་ཕྱི་མ་ཟླ་བ་གསུམ་ཞལ་གྱིས་བཞེས། དབྱར་ཆོས། དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱི་ཆོས་ཁྲི་ཐོག་ནས་གནང་བ། སྔར་གྱི་སྤྱོད་འཇུག་གི་འཕྲོ་མ་བྱེད་པ་ཡིན། མཚན་ཉིད་པ་སྤྱིའི་གཏམ་ལ། སྤྱོད་འཇུག་རྒོད་མ་སྐྱ་མོ་འདི་ལ་མ་ཞོན་པ་ཅིག་སུ་ཡང་མེད། ཤེས་རབ་ལེའུའི་ལྒ་ཁོངས་འདི་ནས་མ་བསྐྱུར་བ་ཅིག་སུ་ཡང་མེད་ཟེར་བ་ཡིན་པས། ད་ལོ་ཤེས་རབ་ལེའུ་འདི་མ་བཤད་ན། དབུས་གཙང་དུ་དགེ་འདུན་སྒང་པའི་མཁན་པོ་རྒན་པོ་དེས་སྤྱོད་འཇུག་བཤད་པས་ཤེས་རབ་ལེའུ་ལ་རྒྱུགས་འདུག་ཟེེར་བའི་གཏམ་ངན་ཡོང་བས་ཤེར་ལེ་འཆད་པ་ཡིན། ཁྱེད་རང་དགེ་བཤེས་དྲག་པ་རྣམས་ཀྱང་བསྐྱར་ཆོས་བྱེད་པ་ལེགས། ད་རེས་ངེད་ཀྱང་ལོ་ཙ་བ་ཆེན་པོའི་ཊཱི་ཀ་དང། ས་བཟངས་པའི་ཊཱི་ཀ་སོགས་ལ་བརྟེན་ཀྱང་ཅུང་ཞིག་བསྟན་བཅོས་རྩ་བའི་དགོངས་པར་འགྲོ་བ་རང་དཀའ་བ་འདུག་པས། ངེད་རྩ་བ་རང་གིས་དགོངས་དོན་རང་ཉམས་ཀྱིས་བཀྲལ་ན་སངས་རྒྱས་ཐམས་ཅད་དང་དགོངས་པ་མཐུན་ཞིང། གཞན་སྟོང་གི་ཆོས་སྒོ་ཆེན་པོ་ཕྱེ་བར་འགྱུར་བ་ཡིན་པས། ཁྱེད་རང་ཚོ་བསྐྱར་ཆོས་དང་ཟིན་བྲིས་བྱེད་མི་ཡོད་ན་གྱིས་ཤིང་ཅེས་བཀའ་སྩལ་ནས། ལྟ་བ་གཏན་འབེབས་ཀྱི་རྣམ་བཤད་རྒྱས་པར་གནང་བས་དེར་འདུས་ཀྱི་དགེ་བའི་བཤེས་གཉེན་རྣམས་དང། གཞན་ཡང་ཕྱོགས་སུ་སྙན་པ་