R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༠ན-༣༢༩
[A:༧༠ན-༣༢༩] ༄༅། །དང་བཅས་པ། རྟེན་ཁེབས་ལོམ་བསྐོར་མ། ཀརྨ་གན་དཀར་རྒྱ་ཤུགས་དང་བཅས་པ། རྒྱ་དྲིལ། གོས་ཕྱི་ནང། ཇ་སིག་ཟུང་འབྲེལ། ཆིབས་ཆིབས་རོལ་སོགས་དགུ་ཚན་གསུམ་གྱི་འབུལ་བ་དང། དགེ་འདུན་སྤྱི་སོར། ལ་ཏ་ཧཱུཾ་ལྟོ་སྦྱར་གྱི་སྣམ་སྦྱར། ཇ་སིག་བཅུ་གཉིས། རྣམ་བཞག་དགོས་པ་དང་བཅས་པ་ཕུན་སུམ་ཚོགས་པ་གནང། ནང་སོ་སེངས་དཔོན་གཡོག་ལའང་ཕྱི་གཟིམས་ཁང་ནས་སྐྱེས་དཔག་ཏུ་མེད་པ་སྩལ་བ་ནས་ཕྱིར་ཐེགས། དེ་ནས་ནང་པ་སྒོག་མཁར་ནས་མགོ་ལུང་དོ་དམ་པ་མཛད་པའི་ངོས་ནས། དེ་ནས་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ལ་དཔོ་མང་སྣེའུར་བཏེག། བཅུ་བཞི་ལ་ཚོགས་པ་དཔོན་སློབ་ཀྱང་སྣེའུར་ཕེབས། རིམ་པས་སྙེ་མདའ། ལུམ་པ་རྣམས་སུ་ཞག་རེ་གནང། ལུམ་པ་ནས་ནང་པ་སྒོག་མཁར་བ་དཔོན་གཡོག་ཀྱང་གནང་སྦྱིན་རྒྱ་ཆེན་པོས་མཉེས་པར་མཛད་དེ་ཆུ་ཤུལ་ལ་ཕྱིར་ཐེགས། དེ་ནས་སྐྱིད་གཤོངས་དང། ལྷུན་གྲུབ་ལྷ་རྩེ་རྣམས་སུ་ཞག་གསུམ་རེ་གནང་ཏེ། ཉེར་གསུམ་གྱི་ཉིན་དགེ་འདུན་སྒྲེས་ཆོས་ཁྲིམས་དང་བཅས་པ་ལ། ལྷུན་གྲུབ་ལྷ་རྩེ་ནས་རྟ་གཡར་དང། མགར་ཚ་ནས་གྲའིི་རྟ་གཡར་རྣམས་ཀྱི་བསུ་མ། གྲ་ཐང་དུ་མི་དབང་ཆེན་པོ་རིན་ཆེན་བཀྲ་ཤིས་དཔོན་བློན་རྣམས་ཕེབས། བསུ་ཇ་སོགས་ལེགས་པར་གནང། རྒོངས་ཇའི་ཐོག་དཔལ་