R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༩བ-༣༢༨
[A:༦༩བ-༣༢༨] ད་ལོའི་དབྱར་ཆོས་གེར་ལྷ་ཁང་ཆེན་མོར་གྲབས་ཤོམས་རགས་མ་དང། ཕྱིས་རྒྱུན་གྱི་ཞབས་འདེགས་ས་ཆ་ལ་བརྟེན་པ་ཅིག་བྱེད་རྩིས་ཡིནའང། མཆོད་ཡོན་རྙིང་པ་གསེར་གྱི་རི་མོས་གསོ་བ་བྱུང་ཕྱིན་ལེགས་ཚོགས་དང་ལྡན་པ་ཅིག་བྱུང་འདུག། ཕྱིས་ངེད་ཀྱི་སྐུ་རིམ་སྒྲུབ་དགོས་སོགས་ལ་མཆོད་ཡོན་ཐམས་ཅད་ནས་བཀག་འགེགས་མེད་པ་མཛད་དགོས་པ་དང། ངེད་ཀྱིས་ཀྱང་པེ་པ་རབ་བརྟན་པ་དཔོན་གཡོག་ཚོགས་པ་རྣམས་ཀྱི་ཡོན་རྫོངས་འབུམ་ཆས་ལ་གཏོང་བ། དཔོན་སློབ་རྣམས་སྔ་འགྲོས་སུ་ཐེགས་པས་མཐུས་ཕེབས་པ། དེ་ཀའི་མོད་ཞལ་སྔ་ནས་དཔོན་སློབ་ལ་འབུལ་བ་བསམ་གྱིས་མི་ཁྱབ་པ་གནང་། ཕྱིར་ལམ་སྙེ་ཐང་བཀྲ་ཤིས་སྒང་གི་ཆེན་པོ་རྣམས་ཀྱིས་གཙོ་མཛད། ཚུལ་ཁྲིམས་རྣམ་པར་དག་པའི་ འདུན་པའི་བརྟུལ་ཞུགས་ལ་བརྩོན་པ་མང་པ་རྣས་ཀྱིས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང། ཚིགས་ཕྱི་མ་བསྙེན་པར་རྫོགས་པ་ལེགས་པར་ནོད་པའི་རྗེས་སུ་པོ་ཏ་ལར་ཕེབས་ནས། ཁོང་ཡོན་མཆོད་ལ་ཕེབས་བཞུགས་དུས་ངེས་ཀྱི་སྒོ་གསལ་བ་ནས་ཕྱིར་འབྱོན་བཅུག། ཚོགས་པ་རྣམས་ལ་ཐེགས་གྲབས་ཀྱི་བཀའ་བཀོད་གནང། དེར་ནང་སོ་སེངས་དཔོན་གཡོག་ཀྱང་ཕེབས། མཁན་ཆེན་རིན་པོ་ཆེའི་དྲུང་དུ། ཁ་བཏགས། རྟེན་ལི་མ་ནང་བཟའ་