R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༨ན-༣༢༥
[A:༦༨ན-༣༢༥] ༄༅། །ནས། མཚོམས་ཚོམས་ཆེན་དུ་བཞུགས་གྲལ་སྒྲིགས་པའི་གསོལ་ཇ་ཟུང་འབྲེལ་བུར་སྟོན་དང་བཅས་པའི་བར་དུ་བཞུགས། དེ་ནས་དཔོན་བློན་སྤོ་ཏ་ལར་ཐེགས། ཚོགས་པ་དཔོན་སློབ་ཉིན་རེ་བཞིན་ཞབས་བསྐོར། ཇོ་མཇལ། མཆོད་འབུལ་སྨོན་ལམ་འདེབས་པ། ཁྱད་པར་ཇོ་ཞལ་སོགས་རྟེན་ངོ་མཚར་ཅན་རྣམས་ལ་ཞལ་གསེར་ཞུ་བ། སྙན་དར། དཀར་མེ་གཏོས་ཆེ་བའི་རྣམ་དཀར་གྱི་བྱ་བ་རླབས་པོ་ཆེ་བསྒྲུབས། དེའི་ཚེ་གཉན་མཁར་ནག་ཙམ་གྱི་རི་ཞིག་སྟེངས་སུ་འགྲོ་བ་མང་པོ་འཚོགས་པ། མཚོ་ཆེན་པོ་ཞིག་སྒྲོལ་བའི་རི་ལ་གྲུ་གཟིངས་ཀྱི་ཚུལ་དང། རྗེ་ཉིད་དེད་དཔོན་གྱི་ཚུལ་གྱིས་མཚོ་དེ་ལས་འགྲོ་བ་མང་པོ་སྒྲོལ་བ་རྨིས་པས། མི་དེ་རྣམས་ཚེ་འདིའི་འབྲེལ་བ་བཞག་པ་རྣམས་ཡིན་པ་འདུག་དགོངས་པ་བྱུང་གསུང། ཡང་སྐབས་ཤིག ཐམས་ཅད་མཁྱེན་པ་སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་བ་བཞུགས་གདན་ལ་གཙོ་བོར་ཕེབས་པའི་ཞབས་ཕྱིར། ཆོས་རྒྱལ་མི་དབང་ཆེན་པོ་དཔོན་བློན། སྒར་པའི་བླ་མ་རྣམས་པ་དཔོན་ཆེ་ཆུང་དང་བཅས་པ། རྗེ་བཙུན་རིན་པོ་ཆེ་དཔོན་སློབ་ཞལ་འཛོམས་སོ། །ཞབས་དྲུང་དུ་དངུལ་གྱི་མཎྜལ་གྱིས་ཐོག་དྲངས་འབུལ་ནོད་དངོས་གཙང་དཔངས་མཐོ་བ་ནས། དགེ་འདུན་བྱིན་གྱིས་ཕྱག་བསྐོར་མཛད། དེ་