R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༨བ-༣༢༦
[A:༦༨བ-༣༢༦] ནས་མི་རིང་བར་གནས་དེ་ཉིད་དུ་ཚོགས་པ་དཔོན་སློབ་གདན་དྲངས་པའི་བརྡབ་ལན་གྱི་ཚུལ་དུ། མཁན་ཆེན་རིན་པོ་ཆེ་དྲུང་དུ། ཧོར་གོས་ངུར་ཁའི་སྣམ་སྦྱར་གྱིས་གཙོས་པའི་འབུལ་དཔངས་མཐོ་བ་དང། དགེ་འདུན་རྣམས་ལའང་གྲལ་འགྱེད་གྱ་ནོམ་པ་གནང། དེ་རྗེས། མཆོད་ཡོན་ལྷན་ཅིག་སྣེའུར་ཕེབས་ཟླ་གཅིག་ཙམ་བཞུགས། དེ་ནས་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་བདེ་ཆེན་ཡངས་པ་ཅན་ལ་ཆིབས་ཁ་བསྒྱུར། མི་དབང་དཔོན་བློན་ཆུ་ཤུལ་དུ་ཕེབས། ཚོགས་པ་དཔོན་སློབ་སྤོ་ཏ་ལར་ཕྱག་ཚ་འབུམ་གཏེར་གྱིས་གཙོས་པའི་འབུམ་གཏེར་རྣམ་གྲངས་མང་བ་དང། རྣམ་རྒྱལ་འབུམ་གཏེར་དང་སྟོང་མཆོད་ཟླ་མེད་པ་སྒྲུབ་པའི་ཆེད་ཁོ་ནར་ཟླ་ཤས་བཞུགས་པའི་སྐབས་ཤེད་མནལ་ལམ་དུ། ཆུ་ཆེན་པོ་ཅིག་ལ་ལྕགས་ཟམ་བཙུགས་པའི་སྟེང་དུ་མི་མང་པོ་འགྲོ་བའི་ལམ་སྣ། རྗེ་ཉིད་ཀྱིས་དྲངས་ཏེ་ཕལ་ཆེ་བ་ཕྱག་ཕྱིར་འབྱོར་ཞིང་། དེ་ལྷག་མང་པོ་ཞིག་ཀྱང་ལུས་སོང་བ། འདིའི་འདུལ་སྐལ་གྱི་ལྷག་མ་ཅུང་ཅད་ལུས་པ་འདུག་བཀའ་ཕེབས། དེ་དུས་ཡུལ་ལྗོས་ཐམས་ཅད་དུ་མུ་གེ་དང་ནད་རིགས་སྣ་ཚོགས་པས་མི་འབྲུམ་སྙམ་ཞིང་དབུགས་བྲལ་གྱི་ཚོགས་རྣམས་འདུད། ལུད་བསྐྱེད་པ་བཞིན་འདུག་ནའང། དཔོན་སློབ་རྣམས་གར་ཕེབས་ཀྱི་གནས་རྣམས་སུ་ནད་སྣ་སོགས་འཕྲལ་དུ་ཞི་བ་དང། མུ་གེ་