R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༨བ-༣༠༦
[A:༥༨བ-༣༠༦] ཡོད་དུས་རྨི་ལམ་གསལ་བ་ཞིག་ལ། ལྷ་རི་ཁའི་རྒྱབ་ནས། ཆོས་སྐྱོང་ཞི་བའི་རྒྱལ་མཚན་གྱི་ཏོག་ཡིན་པར་འདུག་ཟེར་བའི་རིན་པོ་ཆེན་འོད་ཤིན་ཏུ་འབར་བ་ཞིག་མཐོང་བས། ད་ནི་ཆོས་སྐྱོང་མངོན་གསུམ་དུ་མཐོང་བར་འགྱུར་རོ་སྙམ་པའི་སེམས་ཙམ་ཞིག་ནི་བྱུང། དེ་བས་གཞན་དུ་སྔོན་དུ་སྨོས་པའི་མཚན་མ་དེ་ཙམ་མ་གཏོགས། གཞན་མ་བཤད་རྒྱུ་མེད། འོན་ཀྱང་ཁོ་བོ་ནི། བསྟན་བཅོས་རྣམ་འགྲེལ་ལས། རྐུན་པོ་རྨི་སོགས་ཀྱིས་སླད་བཞིན། ཅེས་པའི་དོན། གང་ཟག་རྐུན་པོ་བྱུང་གི་དོགས་པའི་རྨི་ལམ་དུ། རྐུན་པོས་རང་གི་ནོར་མངོན་སུམ་དུ་ཁྱེད་པའི་རྣམ་པ་དང་། བུ་མེད་དཀར་ཤམས་མ་དང་ཕྲད་འདོད་ཀྱི་བློ་ཡོངས་སུ་བརྟེན་པས་དེ་ཉིད་དང་ཕྲད་དེ་འདོད་པ་སྤྱོད་པའི་སྣང་བ་མངོན་སུམ་དུ་བྱུང་བ་ལྟར། ཀུན་རྫོབ་ལྷའི་རྟོག་རྒྱུན་གོམས་པའི་ཡི་དམ་དང་ཆོས་སྐྱོང་ལ་ངོ་མཚར་དུ་ཅི་ཡང་མེད་ཅེས་ཡང་ཡང་བཀའ་གནང། དེ་ནས་ཀྱང་གཞི་མེད་དུ་མ་དངས་པ། དགེ་འདུན་ལ་ཐུགས་མ་ཆེས་པའི་མཐུ་ལས་ཡིན་པར་གནང་ཏེ། ཐོ་རངས་ཤིག་མནལ་ལམ་དུ། རིན་པོ་ཆེ་རབ་འབྱོར་སེང་གེ་ཕེབས། དཀའ་བཅུ་བ་དང་དེ་རང་གཉིས་དགེ་འདུན་རྣམས་ལ་བཤགས་པ་གཅིག་བྱེད་དགོས་པ་འདུག་གསུང་ཞིང། དགེ་འདུན་གྱི་དབུས་སུ་རིན་པོ་ཆེས་བྱང་འདྲེན་གྱི་ཚུལ་དང། རྗེ་ཉིད་རམ་འདེགས་པའི་ཚུལ་དུ་ཕྱག་འབུལ་དང་ལྷན་ཅིག་ལྟུང་བཤགས་མཛད་པའི་མནལ་ལམ་བྱུང་བས། དེ་ཉིན་ནས་ཚོགས་པ་སྐུ་རིམ་དུ་ལྟུ་བཤགས་མ་