R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༣བ-༢༩༦
[A:༥༣བ-༢༩༦] དེ་ལ་འདུད་། བསྐྱེད་རིམ་མཐར་ཕྱིན་ཐ་མལ་འཛིན་པ་བྲལ། རྫོགས་རིམ་མཐར་རིན་ཆོས་ཀུན་བ་ཉམ་ཉིད་རྟོགས། ཟུང་འཇུག་མངོན་འགྱུར་དྲུག་པ་རྡོ་རྗེ་འཆང། རྒྱལ་བ་ཀུན་འདུས་བླ་མ་དེ་ལ་འདུད། དུས་གསུམ་རྒྱལ་བ་ཀུན་གྱིས་ལེགས་གསུངས་པའི། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་ཕྱེ་ནས། ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། འཇིགས་མེད་སྨྲ་བའི་སེང་གེ་དེ་ལ་འདུད། ཅེས་པ་ལ་སོགས་པའི་བསྟོད་པའང་ཕུལ། རྗེ་ཉིད་ཀྱང་བསྟོད་ཚོགས་ཀྱི་ནང་ནས་འདི་ཁོ་ན་ལ་མཉེས་པ་སྣང། རིན་པོ་ཆེ་ལས་ཆེན་པའང་གསན་རྒྱ་དཔྱད་པའི་བླ་མ་ཞལ་གྲངས་མང་བར་ཡོད་འདུག་ཀྱང། སྐུ་དྲིན་ཆེ་བའི་བླ་མའི་གཙོ་བོར་རྗེ་འདི་ཉིད་རང་འཛིན་པར་མཛད་དོ། ཟླ་བ་དེའི་ཚེས་བདུན་ནས་དོན་ཡོད་ཞགས་པའི་གཟུངས་སྒྲུབ་གནང། དོན་ཞགས་ལྷ་ལྔའི་རིག་གཏད། སྨན་ལྷ་སྤྲུལ་སྐུའི་རྗེས་གནང་སོགས་ཚོགས་པ་དང་ཆོས་སྡེ་པ་བྱིན་ལ་གནང། བཅུ་གསུམ་ལ་བུམ་སྐོར་མཛད། བཅོ་ལྔའི་ཉིན་བདག་ཆེན་དཔོན་སློབ་བློན་ཚོགས་པའི་དབུས་སུ་ཕེབས། སྟག་རྩེ་ནས་དབྱར་ཟླ་བ་གསུམ་ཞལ་གྱིས་བཞེས་པའི་དབྱར་སྟེ་འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་གྲོལ་སྟོན་གྱ་ནོམ་པ་བསྟབས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས་པ་མཛད། བཅུ་དྲུག་གི་ཚ་རྟིང་ མའི་ཐོག་རྩེར་བདག་