R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༤ན-༢༩༧
[A:༥༤ན-༢༩༧] ༄༅། །ཆེན་མཇལ་བ་གནང། ཚོགས་པ་རྣམས་ཀྱི་གདན་ས་འཁོད་འཕྲལ་ཐེགས་བཞུགས་གནང་བའི་དམ་བཅའ་ལ་བརྟེན། ཞབས་ཏོག་ཞུ་འཁོས་ཀྱི་ཞལ་ཏ་ཞུས་པ་ན། བདག་ཆེན་ཀྱང། ཡོངས་འཛིན་དམ་པ་འདི་ཉིད་ལ་སྐྱེས་བུ་དམ་པའི་ཐུགས་དད་བརྟན་པོ་བརྙེས་པའི་ཞལ་བཞེས་སྟག་ལོ་དགུན་ཆོས་ཀྱི་བར་གནང། སྟག་ལོ་ཧོར་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉིན་སྐུ་འབུམ་རྣམ་རྒྱལ་ལ་ཆིབས་ཆགས་ལ་ཐེགས་པའི་ཡར་ལབ། ཚོགས་པ་རྣམས་ལ་ངེད་དཔོན་གཡོགས་ཕྱིར་ལབ་འབྱོན་དུ་སེར་སྦྲངས་གཟབས་པ་ཅིག་མཛད་དགོས་ཕེབས་པ་ལ་སྔར་ནི་དེ་འདྲའི་སྲོལ་མེད། ད་རེས་ཅི་འདྲ་བ་ཞིག་དགོངས་པ་ཡིན་ནམ་ཞེས་ཐེ་ཚོམ་པའི་ངང་ནས། སེར་སྦྲངས་དང། གཟིམས་ཁང་དུ་གསོལ་ཇའི་གཞི་ལེན་གྲབས་མཛད། སླར་སྐུ་འབུམ་རྣམ་རྒྱལ་ནཱ་ཕེབས་དུས་ཆིབས་རགས་གཟབས་མ་དང། བདག་ཆེན་ནམ་མཁའ་ཚེ་དབང་རྡོ་རྗེ་དགུང་ལོ་བརྒྱད་བཞེས་པ་ཆིབས་པང་དུ་སྤྱན་དྲངས་ཏེ་ཕེབས་པ། ཏའི་སི་ཏུ་བྱང་པ་ཞལ་ངོ་ཨུ་དུམྦ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་ལ་མངའ་འབངས་སུ་གཏོགས་པ་བྱིན། ཆོས་རྒྱལ་ནོར་བཟང་བྱང་དུ་མི་རྒོད་བརྟུལ་ནས་ཕྱིར་ཕེབས་ལྟ་བུའི་དགའ་སྟོན་ལ་ལོངས་སྤྱོད་པ་ལྟ་བུར་གྱུར། དེའི་སང་ཉིན་ཚེས་དགུ་ལ། ཚོགས་པ་