R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༣ན-༢༩༥
[A:༥༣ན-༢༩༥] ༄༅། །གྱིས་མ་བསླད་པ་དང། དྲུང་ནས་ཉམ་ནང་ཀྱང་སྐྱེ་བ་སྔ་མ་ཆོས་འདིའི་བསྟན་པའི་བདག་པོ་མཛད་པ་ཅིག་ཡིན་དེས་པ་འདུག་ཅེས་མཉེས་པའི་ཚུལ་གྱིས་བསྔགས་པ་ཆེ་བར་མཛད། ཕྱིས་ལས་ཆེན་རིན་པོ་ཆེ་འདི་ཉིད་ཀྱིས་ངམ་རིང་ཆོས་སྡེའི་གདན་ས་ལོ་དྲུག་གི་བར་བསྐྱངས་ཤིང། མངོན་པར་མཁྱེན་པ་ཐོགས་ཁེད་དུ་མངའ་ཞིང་སྒྲིབ་མེད་དུ་གསུང་བ། སྒྲུབ་ཆུ་འདོན་པ་སོགས་གྲུབ་རྟགས་རྣམས་པ་སྣ་ཚོགས་པ་ཀུན་གྱི་མཐུན་གྲུབ་ཏུ་བསྟན་པས་། མཁས་པ་མཐར་རིན་པའི་སྟེང་དུ་གྲུབ་པ་མཆོག་གདམས་བརྙེས་ཏེ། དཔལ་ལྡན་བླ་མ་འདི་ཉིད་ལ་རྒྱས་གོས་དང་ཐ་མི་དད་པའི་ཐུགས་དད་ཐོབ་ནས་བསྟོད་པ་མཛད་པ། ཐུབ་དབང་བསྟན་པའི་སྒྲོན་མེ་ལེགས་གཟུང་ནས། ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་གྱི། སྒྲིབ་གཉིས་མུན་པ་མ་ལུས་སེལ་མཛད་པའི། ཀུན་མཁྱེན་བསྟན་པའི་མངའ་འདག་དེ་ལ་འདུད། སྡེ་སྣོད་གསུམ་གྱི་ལྷ་ལམ་ཡངས་པ་ལ། ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རབ་རྒྱས་ཤིང། གཞན་ཕན་མཁྱེན་བརྩེའི་འོད་ཟེར་ཕྱོགས་བཅུར་འཕྲོ། རབ་འབྱམས་སྨྲ་བའི་ཉི་མ་དེ་ལ་འདུད། མཁྱེན་རབ་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང། ཐུགས་རྗེའི་རྦ་རླབས་ཕྱོགས་བཅུར་རབ་ཏུ་གཡོ། བསླབ་གསུམ་རིན་པོ་ཆེ་ནོར་བུས་གང་བ་ཡིས། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་