R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༨༣
[A:༨༣] བླ་ཆེན་འདིའི་བཀའ་དྲིན་ལ་མ་རྒྱུད་ཀྱཻ་རྡོ་རྗེའི་བཀའ་སྲོལ་ལས། རྒྱུད་གསུམ་མན་ངག་དང་བཅས་པའི་ཟབ་དོན་ལྷག་པར་དར་རོ། འདིའི་གྲུབ་ཐོབ་གསུམ་གྱི་སྒྱེར་སྒོམ་དང་། གཤེན་སྒོམ་གཉིས་ནི། གཙང་སྒྱེར་བུ་བ་དང་། རྟ་ནག་པ་ཡིན་པས། འགྲོམ་དེ་པའི་སློབ་མ་སེ་རོག་གཉིས་དང་ཅུང་མི་གཅིག་པ་འདྲ་སྟེ། དེ་པའི་སློབ་མ་སེ་རོག་གཉིས་ཀྱིས་བླ་ཆེན་ལ་ཆོས་ཀྱི་བཀའ་དྲིན་ཐོབ་པས། དངོས་གྲུབ་ཅུང་ཟད་རེ་ཐོབ་ཅེས་བཤད་ཀྱི། གྲུབ་པ་ཐོབ་ཅེས་མ་བཤད་པའི་ཕྱིར་རོ། དེས་ན་སེ་རོག་གཉིས་ནི་དབུས་པ་སྨྲ་ར་སེར་པོ་ཅན་(རྨངས) དང་། ནག་པོ་ཅན་ཞེས་ཞྭ་ལུགས་འཆད་པ་ལྟར་དག་པར་སེམས་སོ། མདོར་ན་བླ་ཆེན་འདི། ག་ཡ་བལྟམས་པའི་ཆུ་མོ་སྦྲུལ་ནས་ཉིས་བརྒྱ་དང་བཞི་བཅུ་འདས་པའི་ཆུ་མོ་སྦྲུལ་ལ་སྐུ་བལྟམས། སྐུ་གཞོན་ནུ་ལ་རྒྱ་གར་དུ་བྱོན། ནཱ་ལེན་དྲར། མཁས་པ་སྒོ་དྲུག་སོགས་ལོ་བརྒྱད་དང་། དཔའ་བོ་རྡོ་རྗེ་ལ་ལོ་བཞི་དང་། བལ་པོར་ཕམ་མཐིང་པ་ལོ་གཅིག་བསྟེན་ཏེ་ལོ་བཅུ་གསུམ་རྒྱ་བལ་དུ་གསན་སྦྱོང་སོགས་མཛད། ཕྱིས་ཞེ་དགུ་ལོན་པ་ལྕགས་མོ་སྦྲུལ་ལ། ག་ཡ་དྷ་ར་དང་ཐོག་མར་མཇལ། གསུང་ངག་རིན་པོ་ཆེའི་བཀའ་དྲིན་ལོ་གསུམ་དུ་ནོད། ང་གཉིས་བཞེས་པ་ཆུ་མོ་ལུག་ལ། ག་ཡ་རྒྱུད་གསུམ་སོགས་བསྒྱུར། དྲུག་ཅུ་རེ་གསུམ་ཡན་ཆད་ལ། གསན་སྦྱོང་དང་འཆད་པ་སོགས་ཀྱིས་བསྟན་པ་སྤེལ་ནས། དེ་ནས་ཆོས་དབྱིངས་སུ་མ་གཤེགས་བར་དུ་གཙོ་བོར་སླབ་པ་མཛད། བརྒྱད་ཅུ་རྩ་ལྔ་ལོན་པའི་ཚེ། སྐུ་ལུས་མ་སྤངས་པར་འཇའ་ལུས་སུ་དགོངས་བཞེད་པ་ལ། རྟེན་འབྲེལ་ཅུང་ཟད་ལ་བརྟེན་ནས་བར་དོར་མཆོག་གི་དངོས་གྲུབ་བརྙེས་པ་སྟེ། དེ་ལྟ་བུའི་བླ་ཆེན་མ་དྲོས་པའི་ཆུ་གཏེར་ཆེན་པོ་