R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༨༠
[A:༨༠]དང་རྣམ་པ་གཉིས༎ སྒྲུབ་པའི་བརྒྱུད་པ་འདི་ལྟ་སྟེ༎ ལྷ་རྒྱལ་བླ་མ་ཡེ་ཤེས་འོད༎ འཇམ་དཔལ་སྤྲུལ་པར་རབ་གྲགས་པ༎ དེ་ནི་རྩ་རྒྱུད་ཆེན་པོ་ལས༎ ལུང་བསྟན་ཐོབ་པ་ཐོ་ལིང་གི༎ དཔེ་མེད་ལྷུན་གྲུབ་གཙུག་ལག་ཁང་༎ བཞེངས་ནས་རྒྱ་གར་ཤར་ཕྱོགས་ནས༎ མཁས་བཙུན་སྙན་པའི་འབྲུག་སྒྲ་ཅན༎ གྲགས་པ་རྒྱལ་མཚན་མཐོན་པོ་ཡིས༎ ཀུན་ལ་གསལ་བར་གྱུར་པ་ཡི༎ དྷརྨ་པཱ་ལ་ཞེས་བྱ་བ༎ ཡེ་ཤེས་འོད་ཀྱིས་སྤྱན་དྲངས་ནས༎ ཐུགས་རྗེ་ཉི་མས་རྒྱུད་སྐུལ་ནས༎ བསྟན་པ་རིན་ཆེན་གནས་བྱའི་ཕྱིར༎ མཁན་པོ་མཛད་ནས་སྒྲུབ་བརྒྱུད་སྤེལ༎ དེ་ཡི་མཁན་བུའི་གཙོ་བོ་གསུམ༎ དགེ་སློང་ས་དྷུ་པཱ་ལ་དང་༎ ཇོ་བོ་གུ་ན་པཱ་ལ་དང་༎ དགེ་སློང་པྲཛྙཱ་པཱ་ལའོ༎ པྲཛྙཱ་པཱ་ལའི་མཁན་བུ་ནི༎ ཞང་ཞུང་ཡུལ་གྱི་འདུལ་བ་འཛིན༎ དགེ་སློང་རྒྱལ་བའི་ཤེས་རབ་སྟེ༎ ཚུལ་ཁྲིམས་གཡག་གི་རྔ་མ་དང་༎ མིག་གི་འབྲས་བུ་བཞིན་དུ་བསྲུངས༎ ཡོན་ཏན་རང་བཞིན་ཐམས་ཅད་ཀྱི༎ རྒྱུར་གྱུར་འདུལ་བའི་སྡེ་སྣོད་ལས༎ མང་དུ་ཐོས་ཤིང་ངེས་བྱས་པ༎ སྙན་པས་ནམ་མཁའ་ས་སྟེང་ཁྱབ༎ ཐུགས་རྗེའི་སྤྲིན་ལས་ཆོས་ཆར་ཕབ༎ རབ་བྱུང་ཐ་མའི་རྒྱུད་སྤངས་ནས༎ བསྟན་པ་རིན་ཆེན་རྒྱས་མཛད་པ༎ ཞེས་སོགས་བཤད་པ་ལྟར་ཡིན་ནོ༎ དེས་ན་འདུལ་བ་སྨད་ལུགས་ཀྱི་བཤད་པ་ནི། གཟུས་རྡོ་རྗེ་རྒྱལ་མཚན་ནས་གཙོ་བོར་དར་བས་ལོ་ཆེན་གྱི་སྐུ་ཚེའི་སྟོད་ནས་དར་ལ། སྟོད་ལུགས་ནི་དྷརྨ་པཱ་ལའི་མཁན་བུ་པཱ་ལ་རྣམ་གསུམ་ནས་དར་བས། ལོ་ཆེན་གྱི་སྐུ་ཚེའི་སྨད་ནས་དར་བ་ཡིན་ནོ། ཞེས་ཤེས་པར་བྱའོ། དེ་ལྟ་བུའི་ལོ་ཆེན་དེས་མངའ་བདག་%ལྔ་སྡེའི་སྲོག་གིས%་(ལྷ་ལྡེ་བཙན་གྱི) སློབ་དཔོན་མཛད། པནྜི་ཏའི་བླ་མ་བདུན་ཅུ་རྩ་ལྔ་བསྟེན། དགུང་