R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༩
[A:༧༩]སོགས་ཁུངས་བཙུན་ལ། སྨད་འདུལ་བ་རྣམས་ནི། གཟུས་དང་བླ་མ་རྣམ་གསུམ་དང་རྒྱ་འདུལ་ལ་སོགས་པས་བཤད་པ་མང་དག་མཛད་ཀྱང་། རང་བཟོ་མ་གཏོགས་བརྒྱུད་པ་མེད་པས་ཁུངས་ཐུབ་མེད་དོ་ཞེས་ཟུར་ཟ་བར་མཛད་དེ། ཞང་ཞུང་པ་རྒྱལ་ཤེའི་སློབ་མ་ཞིང་མོ་ཆེ་པ་བྱང་ཆུབ་སེང་གེས་མཛད་པའི་བརྒྱུད་རིམ་གྱི་ཡི་གེ་ལས། བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི༎ བསླབ་པ་སྟོན་པ་འདུལ་བ་ཡིན༎ སྡེ་སྣོད་བརྒྱུད་པ་གཉིས་ཡིན་ཏེ༎ ཕྱོགས་སྔ་མ་དང་ཕྱི་མའོ༎ དང་པོ་བོད་ཀྱི་བརྒྱུད་པ་སྟེ༎ དགེ་སློང་རྡོ་རྗེ་རྒྱལ་མཚན་གྱིས༎ སློབ་དཔོན་མེད་ཕྱིར་གཞུང་རྣམས་ལ༎ ལྟ་རྟོག་བྱས་ནས་བཤད་པ་མཛད༎ དེ་ལ་སློབ་པ་རྣམ་པ་བཞི༎ དགེ་སློང་ཚུལ་ཁྲིམས་འབྱུང་གནས་དང་༎ ཚུལ་ཁྲིམས་བྱང་ཆུབ་དབུས་ཀྱིའོ༎ དགེ་སློང་གྲགས་པ་རྒྱལ་མཚན་དང་༎ ཤེས་རབ་འོད་ནི་གཙང་གིའོ༎ དགེ་སློག་ཚུལ་ཁྲིམས་བླ་མ་སྟེ༎ ཚུལ་ཁྲིམས་འབྱུང་གནས་སློབ་མ་ནི༎ དགེ་སློང་རིན་ཆེན་བླ་མའོ༎ དེ་གཉིས་སློབ་མ་ཆེ་བའི་མཆོག༎ དགེ་བཤེས་དབང་ཕྱུག་ཚུལ་ཁྲིམས་ཡིན༎ དེ་ཡིས་བློ་ཡིས་བརྟག་བྱས་ནས༎ དགག་དགོས་རྒྱུ་མཚན་མང་པོ་བྱས༎ ཚུལ་ཁྲིམས་བླ་མས་ཡན་ལག་དང་༎ སྤྱི་དོན་བསྡུས་དོན་བམ་པོ་གསུམ༎ བློ་ཡིས་བརྟགས་ནས་ཡི་གེར་བཀོད༎ དེ་དག་སློབ་མ་ཆེ་བ་ནི༎ ཡེ་ཤེས་རྒྱན་གྱིས་མགོ་བསྒྲེ་བྱས༎ སློབ་དཔོན་སུན་དབྱུང་བློ་ཡིས་རྟོག༎ རྒྱ་གར་བརྒྱུད་པ་མེད་པ་ཡིན༎ དེ་ནི་ཕྱོགས་སྔ་འགོད་པའོ༎ ཞེས་སྨད་འདུལ་ལ་ཕྱོགས་སྔ་བརྗོད་ནས་དགག་པ་མང་དག་མཛད་རྗེས་རང་ལུགས་འཇོག་པ་ན། ཕྱི་མ་མངའ་རིས་འདུལ་འཛིན་ལ༎ རྒྱ་གར་བརྒྱུད་པ་ཡོད་པར་བཞེད༎ དེ་ཡང་སྒྲུབ་པའི་བརྒྱུད་དང་ནི༎ བཤད་པའི་བརྒྱུད་