R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༨
[A:༧༨] འཛིམ་པ་ཤེས་རབ་འོད་ཟེར་ཏེ་གཙང་པ་གཉིས་སོ། དང་པོ་སྦོ་ཚུང་ཚུལ་འབྱུང་གི་སློབ་མ་ནི། ཉང་འཚམས་པ་རིན་ཆེན་བླ་མ། སྣེ་བོ་པ་གྲགས་རྒྱལ་གྱི་སློབ་མ་ནི་ཀོ་ཁྱིམ་པ་ཡེ་ཤེས་བླ་མ། འཛིན་(འཛིམ) པ་ཤེར་འོད་ཀྱི་སློབ་མ་ནི། ཞང་ཞུང་པ་རྒྱལ་ཤེ་དང་། སོག་ཚུལ་ཁྲིམས་བླ་མ་གཉིས་སོ། དེ་ལྟ་བུའི་བླ་མ་གསུམ་གྱི་སློབ་མ་ནི། རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། རྒྱ་ལ་བུ་ཆེན་ཀ་བ་བཞི་སྟེ། འདར་འདུལ་འཛིན། མཐའ་བཞི་བརྩོན་འགྲུས་འབར། ཇོ་གདན་ནག་པོ་དར་ཚུལ། རྨ་ཚོ་བྱང་ཆུབ་རྡོ་རྗེ་འོད། རྨ་ཚོའི་སློབ་མ་ནི་བྱ་འདུལ་བརྩོན་འགྲུས་འབར། དེའི་སློབ་མ་ནི་རྩིས་འདུལ་གཞོན་ནུ་སེང་གེའོ། སྟོད་འདུལ་ནི། ལོ་ཆེན་དང་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྨད་ལ། རྒྱ་གར་ཤར་ཕྱོགས་ཀྱི་པནྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་འདུལ་བའི་བསྟན་པ་སྤེལ་བ་ལས། མཁན་བུ་པ་ལ་རྣམ་གསུམ་སྟེ། ས་དྷཱུ་པཱ་ལ། གུ་ན་པཱ་ལ། པྲཛྙཱ་པཱ་ལའོ། པྲཛྙཱ་པཱ་ལའི་མཁན་བུ་ཞང་ཞུང་པ་རྒྱལ་བ་ཤེས་རབ་སྟེ། དེས་དྷརྨ་པཱ་ལ་ཉམས་ལེན་དང་། བྲམ་ཟེ་འདུལ་འཛིན་པྲེ་ཏ་ཀ་ར་ལ་ཕྱག་ལེན་བསླབས་པས་སྒྲུབ་རྒྱུད་ཀྱི་བླ་མ་རྣམ་པ་གཉིས། ཤྲཱི་ཛྙཱ་ན་བྷ་དྲ་དང་། ཤྲཱི་སུ་བྷུ་དྷི་ཤནཏི་ལ་གཟུང་གི་བཤད་པ་གཙོ་བོར་གསན་པས་བཤད་བརྒྱུད་ཀྱི་བླ་མ་གཉིས་སོ། དེ་ལྟར་འདུལ་བ་ལ་བརྒྱུད་པ་གཉིས་ཡོད་པས་སྟོད་འདུལ་བ་རྣམས་ནི། རྒྱ་གར་ནས་བཤད་སྒྲུབ་ཀྱི་བརྒྱུད་པ་བར་མ་ཆད་པས་ཕྱག་ལེན་དང་བཤད་པ་