R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༦
[A:༥༦]བཙན་གྱི་དུས། བློ་རྣོ་བའི་མཆོག་ཁམས་པ་གོ་ཆས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཐུགས་ལ་བཟུང་ནས་བསྒྱུར་བའི་འབུམ་ཐུགས་འགྱུར་དུ་གྲགས་པ་དང་། དེ་རྗེས་ཉང་ཨིནྡྲ་སཱུ་རྩི་དང་། སྦས་མཉྫུ་ཤྲཱི་གཉིས་ཀྱིས་རྒྱ་དཔེ་སྤྱན་དྲངས་ནས་བསྒྱུར་བའི་རྩ་འབུམ་དུ་གྲགས་པ་སོགས་ཀྱང་བཀས་བཅད་དང་པོའོ། བཀས་བཅད་གཉིས་པ་ནི། མངའ་བདག་ཉང་རལ་གྱི་དུས། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་བསྒྱུར་བ་འཕགས་པ་བརྒྱད་སྟོང་པ་སོགས་མང་དག་ཡོད་དེ། ཁྲི་སྲོང་ལྡེ་བཙན་ནས་ཉང་རལ་གྱི་བར་བཤད་སྒྲུབ་ཀྱི་བསྟན་པའམ། མདོ་སྔགས་ཀྱི་བསྟན་པ་ཆེས་མཆོག་ཏུ་དར་བས། དེ་དུས་ཀྱི་བསྟན་པ་འདྲ་བ་འཕགས་ཡུལ་དུ་ཡང་མ་བྱུང་བ་འདྲ་ལ་ཞེས་ཨ་ཏི་ཤ་གསུངས་ཞེས་པ་ཡང་དེབ་སྔོན་ན་བྲིས་འདུག། བཀས་བཅད་གསུམ་པ་ནི། ལོ་ཆེན་རིན་བཟང་མན་ཆད། བསྟན་པ་ཕྱི་དར་ལ་བྱུང་བ་ཡིན་ཏེ་འོག་ནས་འཆད་དོ། གང་ནའང་བསྟན་པ་སྔ་དར་ལ། རྒྱལ་པོ་བཀའ་དྲིན་ཆེ་བ་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་གསུམ། པནྜི་ཏ་བཀའ་དྲིན་ཆེ་བ་མཁན་པོ་བོ་དྷི་ས་ཏྭ། ཨུ་རྒྱན་པདྨ། ཀཱ་མ་ལ་ཤཱི་ལ་གསུམ། ལོ་ཙཱ་བ་བཀའ་དྲིན་ཆེ་བ། ཐོན་མི། བཻ་རོ་ཙ་ན། ཀ་ཅོག་ཞང་གསུམ་དང་ལྔ་ལགས་སོ། ཐུབ་དབང་ཡོངས་འདས་ལོ་གྲངས་སྟོང་ཕྲག་དང་༎ བརྒྱད་བརྒྱ་དག་དང་ཉི་ཤུ་འདས་པའི་ཚེ༎ ས་ཕོ་སྤྲེལ་ལོ་འཕགས་ཡུལ་རྒྱལ་པོའི་རིགས༎ བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན༎ དེ་ནས་བདུན་བརྒྱ་རྩ་དགུ་འདས་པའི་ཚེ༎ མེ་མོ་ལུག་ལ་བསྟན་པ་སྔ་དར་བྱོན༎ ཐོ་ཐོ་རི་ཞེས་གྲགས་པའི་