R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༤
[A:༥༤] དམ་ཆོས་ཤིན་ཏུ་དར་ཏེ་སྐྱིད་པའི་རབས། ཞིབ་ཏུ་རྩིས་ན་ཁྲི་སྲོང་ལྡེ་བཙན་བྱོན་ནས། རལ་པ་ཅན་གཤེགས་པའི་ལྕགས་མོ་བྱའི་བར་ལ་ལོ་བརྒྱ་དང་བཅུ་གཉིས་འབྱུང་ངོ་ཞེས་བཤད་པར་བྱའོ། དེ་བས་ན། བསྟན་པ་སྔར་དར་གྱི་མེ་མོ་ལུག་ནས། རལ་པ་ཅན་གཤེགས་པའི་སྔ་ལོ་ལྕགས་ཕོ་སྤྲེལ་ལོ་ཡན་ལ་ལོ་བཞི་བརྒྱ་དང་སོ་བཞི་ཡོད་པས། དུས་གསལ་རྩ་བར། སྔ་དར་བཞི་བརྒྱ་སོ་བཞི་བཞུགས་ཞེས་བཤད་པ་ལེགས་མོད། དེ་ཡང་སྤྱིར་བཏང་བ་ཡིན་གྱི་དམིགས་ཀྱིས་བསལ་ན། དབུ་བརྙེས་པའི་མེ་མོ་ལུག་ནས། སྲོང་བཙན་སྒམ་པོའི་ལོ་བཅུ་གཉིས་པ་སོ་ཕོ་བྱི་བ་ཡན་གྱི་ལོ་ཉིས་བརྒྱ་དང་ཉི་ཤུ་རྩ་གཉིས་ནི་གཉན་པོ་གསང་བ་ལ་མཆོད་པ་ཙམ་ལས། བཤད་ཉན་སྒོམ་སྒྲུབ་མ་བྱུང་ལ། སྲོང་བཙན་སྒམ་པོ་རྒྱལ་སར་ཐོན་པའི་ས་མོ་གླང་ནས་ལྕགས་ཕོ་སྤྲེལ་ལོའི་བར་ལོ་ཉིས་བརྒྱ་དང་བཅུ་གཉིས་ཙམ་ཞིག་བསྟན་པ་སྔ་དར་གྱི་དངོས་གཞི་ལ་བྱུང་བ་ཡིན་ནོ་སྙམ་དུ་སེམས་སོ། གཉིས་པ་བཤེས་གཉེན་བསྟེན་ཚུལ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ངོ་ལ། ཞི་འཚོ། ཀཱ་མ་ལ་ཤཱི་ལ། བི་མ་ལ་མི་ཏྲ། པད་འབྱུང་། སངས་རྒྱས་གསང་བ། ཤཱནཏི་གརབྷ། སྔགས་འཆང་དྷརྨ་ཀིརྟི། ཁ་ཆེ་ཛ་ན་མི་ཏྲ། དཱ་ན་ཤཱི་ལ་སོགས་དང་། བོད་ཀྱི་ལོ་ཙཱ་བ་སད་མི་བདུན། སད་མི་བདུན་ལས་བློ་སྦྱངས་པ་དཔལ་རྩེགས་སོགས་ལོ་ཙཱ་བ་བརྒྱ་རྩ་བརྒྱད། དེ་དག་ལས་བློ་སྦྱངས་པ་ཀླུའི་རྒྱལ་མཚན་སོགས་ལོ་ཙཱ་བ་སྟོང་རྩ་བརྒྱད་སོགས་མང་དུ་བྱོན་པ་ལས། ཁྱད་པར་བཀའ་དྲིན་ཆེ་བ་ནི། མཁན་པོ་བོ་དྷི་ས་ཏྭ། ཨུ་རྒྱན་པདྨ། ཀཱ་མ་ལ་ཤཱི་ལ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་རྣམས་ཡིན་ལ། ཁྲི་རལ་པ་ཅན་གྱི་ངོ་ལ་ནི། བོད་ཀྱི་ལོ་ཙཱ་བ། ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་