R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༨
[A:༢༧༨]དང་བཤད་ཚུལ་མཚུངས་ཤིང་། རྟགས་འཇུག་གི་ཀུན་བཤད་ཀྱི་བརྗོད་དོན་འབྲེལ་བ་ཡིན་ནོ། ། དེ་ལྟར་བསྟན་བཅོས་དང་ཡི་གེ་དེ་དག་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་སློབ་ཚུལ་ཡུན་རིང་དུ་བསྟན། ཐུ་མིས་ཐོག་མར་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། མདོ་སྡེ་དཀོན་མཆོག་སྤྲིན་སོགས་བསྒྱུར། གཞན་ཡང་བོད་ཀྱི་སློབ་དཔོན་དྷརྨ་ཀོ་ཤ་སོགས་བློ་གསལ་མང་པོ་ལ་བཤད་པས། བསྟན་པ་རིན་པོ་ཆེའི་སྲོལ་ལེགས་པར་ཚུགས། རབ་བྱུང་གི་གྲ་མེད་ཀྱང་རྒྱལ་པོས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་མང་དུ་གསུངས་ཤིང་། དེ་དག་གི་སྒོམ་གྲ་ལེགས་པར་བཙུགས་པས། ཐར་པ་བླ་ན་མེད་པའི་གོ་འཕང་ཐོབ་པ་ཡང་མང་དུ་བྱུང་བ་ཡིན་ནོ། ། དེ་ལྟར་བསྟན་བཅོས་འདི་ཉིད་དགོངས་པ་འགྲེལ་བའི་བསྟན་བཅོས་ཕྱིས་སུ་བྱུང་བ་ཡང་། བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོའི་བྱིས་པ་བདེ་བླག་ཏུ་འཇུག་པ། འཇམ་དབྱངས་ས་པཎྜི་ཏས་དེའི་འགྲེལ་པ་དང་། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན། དབུས་པ་བློ་གསལ་གྱི་སུམ་རྟགས་ཀྱི་འགྲེལ་པ། སྒྲ་པ་སངྒ་ཤྲཱིའི་སུམ་ཅུ་པའི་འགྲེལ་པ། ཡར་འབྲོག་པ་རིན་ཆེན་ཏོག་གི་རྟགས་འཇུག་གི་འགྲེལ་པ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་སུམ་རྟགས་ཀྱི་དོན་འགྲེལ་པ་ཆོས་ལ་འཇུག་པའི་སྒོ། ཀུན་མཁྱེན་གཽ་རབ་འབྱམས་པའི་རྟགས་ཀྱི་འཇུག་པའི་ཊཱི་ཀ། སྙིགས་དུས་ཀྱི་འཇིག་རྟེན་མཐའ་དག་གི་མིག་ཞ་ལུ་ལོ་ཙཱ་བ་ཆེན་པོའི་སུམ་རྟགས་ཀྱི་འགྲེལ་པ། ཀརྨ་པའི་སུམ་རྟགས་ཀྱི་འགྲེལ་པ། དོན་འགྲེལ་ཡི་གེའི་བརྡ་དག་སྟོན་པ་ལ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཉེར་མཁོ་བསྡུས་པ། དབུས་པ་བློ་གསལ་གྱི་ཕྲད་ཀྱི་གནད་བསྡུས་པའི་འགྲེལ་ཆུང་། སྙེ་ཐང་པ་གྲགས་