R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༩
[A:༢༧༩]བཟང་གི་གངྒཱའི་ཆུ་རྒྱུན། གཙང་ནག་སྦུག་པ་ཐུཊ་རྗེ་སེང་གེའི་བདུད་རྩིའི་ཆུ་རྒྱུན། སྟག་ཚང་གཞོན་ནུ་དཔལ་གྱི་འོད་ཟེར་བརྒྱ་པ། བུ་སྟོན་སེང་གེ་འོད་ཀྱི་སྒྲ་དོན་རྒྱ་མཚོའི་མེ་ལོང་། རྗེ་བྱམས་པ་གླིང་པའི་སྨྲ་བའི་རྒྱན། བསམ་སྡིངས་པ་ཀུན་བཟང་གི་འབྲལ་པ་སྤོང་བ། རྗེ་བཙུན་ཞ་ལ་ཨུ་ལོ་ཆེན་གྱི་ཟ་མ་ཏོག་བཀོད་པ། དཔལ་ཁང་ལོ་ཙཱ་བའི་ངག་གི་སྒྲོན་མ། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོས་སློབ་མ་ཕན་པ་ལ་སོགས་པ་མང་དུ་ཡོད་པ་ཡིན་ནོ། གཉིས་པ་སྐ་ཅོག་དང་རིན་ཆེན་བཟང་པོས་སྲོལ་བཏོང་ཚུལ་ནི། ཞ་ལུ་ལོ་ཆེན་གྱིས། །ཆོས་རྒྱལ་རལ་པ་ཅན་གྱི་དུས། སྐ་ཅོག་ཞང་གསུམ་མཁས་མང་གིས། །རྒྱལ་པོའི་བཀས་བསྐུལ་གསར་བཅད་ཀྱི། །སྐད་ཀྱིས་བརྡ་སྦྱར་གཏན་ལ་ཕབ། །སླད་ནས་རིན་ཆེན་བཟང་པོ་དང་། །བློ་ལྡན་ཤེས་རབ་ལ་སོགས་པ། །མཁས་མཆོག་རྣམས་ཀྱི་དེ་ལ་བརྟེན། །ཞེས་གསུངས་པ་ལྟར། སང་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་དང་། རིན་ཆེན་བཟང་པོ། །བློ་ལྡན་ཤེས་རབ་ལ་སོགས་པ་རྣམས་ཀྱིས་ཚུལ་འདིའི་སྲོལ་ཆེས་ཆེར་བཏོད་པར་མཛད་པ་ཡིན་ཏེ། དེ་ཡང་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་རྒྱལ་བློན་རྣམས་ཀྱི་བཀའ་ བསྐུལ་ཏེ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་མཁན་པོ་། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉི་བཟང་། བློན་པོ་ཁྲི་ཤེར་སང་། ལོ་ཙཱ་པ་ཛྙཱ་དེ་ཝ་ཀོ་ཥ། ལྕེ་ཁྱི་འབྲུག བྲམ་ཟེ་ཨ་ནནྟ་ལ་སོགས་པས་འགྱུར་མཛད་པ་རྣམས་ལ་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་མང་དག་ཅིག་བྱུང་ཞིང་། རྒྱ་དཀར་ནག་དང་། ལི་དང་། ཟ་ཧོར་ལ་སོགས་པ་ཡུལ་སྣ་ཚོགས་ནས་བསྐུར་བས་ཡུལ་དེ་དག་གི་བརྡ་སི་འདྲ་པ་མང་པོས་ཆོས་སློབ་དཀའ་བར་གཟིགས་ནས་འོག་གི་མཁས་པ་ཨཱ་ཙརྻ་ཛི་ན་མི་ཏྲ་དང་། སུ་རེནྡྲ་ས་ཉི་དང་།