R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༧
[A:༢༧༧]པར་རོལ་པ་མཁན་པོ་ཐུ་མི་སམ་བྷོ་ཊ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བྱུང་བར་གྱུར་ཏེ། དེ་ཡང་ཐུ་མི་ཨ་ནུའི་བུ་ཐུ་མི་སམ་བྷོ་ཞེས་བྱ་བ་རྒྱ་གར་དུ་བརྫངས་པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། ཡིག་མཁན་བྲམ་ཟེ་ལི་བྱིན་ལ་སོགས་པ་ལ་ཡི་གེ་དང་བརྡ་སྤྲོད་པའི་ཚུལ་ལེགས་པར་བསླབས། མཁས་པར་མཁྱེན། བོད་དུ་བྱོན་ནས། ལྷ་སའི་ཕོ་བྲང་དགུ་མཁར་མར་བོད་ལ་ཉེ་བར་མཁོ་བའི་གཟུགས་འཆོ་བར་མཛད་དེ། དེ་ཡང་རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལས། བོད་དུ་ཕྱི་མོ་སུམ་ཅུར་བྱས། དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞི་རྣམས་དབྱངས་སུ་མཛད། ཨ་གསལ་བྱེད་དུ་བསྡུས། གསལ་བྱེད་ལས་ཀྱང་ཊའི་སྡེ་པ་དོར། སྡེ་པ་བཞན་བཞིའི་ཡང་། བཞི་པ་རྣམས་དང་ཥ་རྣམས་མི་དགོས་པར་གཟིགས་ནས་བཞག ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་ཅ་ཆ་ཇ་ཞེས་ཏེ་དེ་གསུམ་བཀོད། རྒྱ་གར་ལ་མེད་ཀྱང་བོད་ལ་ཞ་ཟ་འ་རྣམས་དགོས་པར་དགོངས་ཏེ་བཙུད། དེ་དག་ལ་ཉེ་བར་མཁོ་བའི་ཡན་ལག་ཏུ་བརྡ་སྤྲོད་པའི་གཞུང་ཚན་པ་བརྒྱད་ཙམ་མཛད་པར་གྲགས་ནའང་། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཕལ་ཆེར་ནུབ་ནས་མི་སྣང་ལ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ནི་དིང་སང་དུ་ཡང་མཁས་པ་དཔྱོད་ལྡན་ཐམས་ཅད་ཀྱིས་ཚད་གྲུབ་ཏུ་མཛད་ཅིང་། རྒྱ་གར་མཁས་པའི་གཞུང་ལུགས་ལྟར་རྟོགས་དཀའ་ཞིང་། རྟོགས་ན་གཞུང་དོན་ཕུན་སུམ་ཚོགས་ལ་གསུང་རབ་སྤྱི་ལ་འཇུག་ན་ཡང་གསལ་བྱེད་ཀྱི་མིག་ལྟ་བུར་གྱུར་པ་ཞིག་སྟེ། དེ་ཡང་གཞུང་འདི་ཉིད་ཀྱི་ཡི་གེའི་རྣམ་གཞག་དང་འཇུག་ཚུལ་སོགས་བོད་ཀྱི་སྐད་གསུང་རབ་དང་སྦྱོར་ཚུལ་རང་ཚུགས་ཐུབ་པར་བཤད་ཅིང་། བརྡོ་སྤྲོད་པའི་གཞུང་ལུགས་ཆེན་པོ་རྣམས་དང་སྦྱར་ན། སུམ་ཅུ་པ་ལས་ཀ་ལཱ་པའི་མིང་ལེ་