R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༨
[A:༡༥༨] བཅུ་བཞུགས། ཤིང་ཁྱི་ལ་ཁ་ཆེར་ཐེགས། གོ་གཅིག་ཤིང་བྱ་ལ་གཤེགས་ཟེར་མོད། ཁྲོ་ལོས་མཛད་པའི་བསྟོད་པ་ལས། གཅིག་གིས་མ་ཚང་ལོ་བརྒྱའི་དུས༎ བྱ་ལོ་སྒྲོག་ཟླའི་དཀར་ཕྱོགས་ཀྱི༎ སྤེན་པའི་ཉི་མཻ་ཚེས་ལྔ་ལ༎ འགྲོ་བའི་ཉི་མ་ནུབ་པར་བསྟན༎ ཞེས་གོ་དགུ་པ་བྱ་ལོར་ཞི་བར་གཤེགས་པར་བཤད་པ་དང་ཅུང་ཟད་འབྱོར་ཀྱང་། ཐུབ་དབང་ཡོངས་འདས་ལོ་ནི་བརྒྱ་ཕྲག་བཅུ༎ དྲུག་བཅས་དགུ་བཅུ་རྩ་གཉིས་མཐར་སོན་ཚེ༎ ཤཱཀྱའི་བསྟན་སྲོག་ངུར་སྨྲིག་འཛིན་པའི་གཙོར༎ བྱོན་གྱུར་དྲང་སྲོང་དེ་ཡི་རྣམ་ཐར་བྲིས༎ ཞེས་པ་དང་མི་འབྱོར་ཏེ། ལུང་དེས། པན་ཆེན་ལུགས་ཀྱི་འདས་ལོ་ནས་སྟོང་དང་དྲུག་བརྒྱ་གོ་གཉིས་འདས་པའི་ཚེ་པན་ཆེན་སྐུ་འཁྲུངས་པར་བཤད་ལ། ཐང་པོ་ཆེར་བསྟན་རྩིས་མཛད་པའི་མེ་མོ་ཡོས་ཡན་ཆད་ལ་ལོ་སྟོང་དང་བདུན་བརྒྱ་ལྔ་བཅུ་འདས་པར་པན་ཆེན་རང་གི་བཤད་པ་ལྟར་ཡང་ཁས་བླངས་དགོས་པ་ལས། ཁྱེད་ལྟར་ན་ཐང་པོ་ཆེའི་མེ་མོ་ཡོས་ལོ་ནི་པན་ཆེན་གྱི་བརྒྱད་དུ་རྩ་གཅིག་པ་ཡིན་པས། པན་ཆེན་འཁྲུངས་གོང་ཡན་ཆད་ཀྱི་སྟོང་དྲུག་བརྒྱ་གོ་གཉིས་དང་། པན་ཆེན་དགུང་ལོ་གྱ་གཅིག་པོ་བསྲེས་པས་སྟོང་བདུན་བརྒྱ་དོན་གསུམ་དུ་ཡང་སླེབ་འདུག་པའི་ཕྱིར་རོ། ཇོ་བརྟན་(གདན) མཁན་ཆེན་ཆོས་གྲུབ་སེང་གེས་མཛད་པའི་པན་ཆེན་གྱི་རྣམ་ཐར་ལས། ཁྲོ་ལོས་མཛད་པའི། ཐུབ་དབང་ཡོངས་འདས་ལོ་ནི་བརྒྱ་ཕྲག་བཅུ༎ དྲུག་བཅས་དགུ་བཅུ་རྩ་གཉིས་མཐར་སོན་ནས༎ ཞེས་པ་འདི་ཡི་གེ་མ་དག་པ་ཡིན་པས། ཐུབ་དབང་ཡོངས་འདས་ལོ་ནི་བརྒྱ་ཕྲག་བཅུ༎ དགུ་བཅས་བདུན་ཅུ་རྩ་གསུམ་མཐར་སོན་ནས༎ ཞེས་འདོན་དགོས་ལ། དེ་ལྟར་ན་འདས་ལོ་ནས་ལོ་སྟོང་དགུ་བརྒྱ་དོན་གསུམ་འདས་པའི་ལྕགས་ཕོ་སྤྲེལ་ལོ་