R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༧
[A:༡༥༧] མ་ཧཱ་བོ་དྷི་བྱོན་པའི་མེ་སྦྲུལ་ནས། ལོ་སྟོང་དང་བདུན་བརྒྱ་དང་ལྔ་བཅུ་འདས་པའི་ལྔ་བཅུ་རྩ་གཅིག་པ་མེ་མོ་ཡོས་ལོ་རང་གི་སྟེང་ནས་ཟླ་བ་ཕྱེད་དང་གསུམ་དང་ཞག་ལྔ་སོང་བ་དེ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ། དེས་ན་མེ་ཡོས་འདི་ནི་འདས་ལོ་ནས་ལོ་སུམ་སྟོང་སུམ་བརྒྱ་དང་བཞི་བཅུ་དང་པན་ཆེན་བོད་དུ་བྱོན་པའི་ལོ་བཞི་པ་ཡིན་ནོ། དེ་ནས་བྱང་རྭ་སྒྲེང་དུ་བྱོན་པའི་ཡར་ལམ་འབྲི་ཁུང་པས་སྤྱན་དྲངས་ཀྱང་། གདན་ཅིག་པ་དང་བཀའ་གདམས་པས་གེགས་བྱས། མཇལ་དུ་མ་སྟེར་ཟེར་རོ། ཕྱིས་དེ་ས་ཕོ་འབྲུག་གི་ལོ་གཙང་དུ་ཕེབས། ཉང་སྨད་རྒྱན་གོང་དུ་ས་པན་ལ་བསྙེན་རྫོགས་གནང་། གསང་སྟོན་སྤྱི་བོ་ལྷས་པ་བྱང་ཆུབ་འོད་པ་ནི་ཤིང་ཕོ་བྱི་ལོ་སྟེ། དེའི་ཚེ་རེ་ལྔ་པ་ཡིན། སྦྲུལ་ལོའི་དབྱར་གནས་རིན་ཆེན་སྒང་དུ་མཛད། རྟ་ལོའི་དབྱར་གནས་ཤངས་ལུ་གུ་སྡོང་(གདོང) དུ་མཛད། ལྷ་བཙུན་གུང་ཐང་པ་ལ་བསྙེན་རྫོགས་གནང་། སྤྲེལ་ལོའི་དབྱར་གནས་ཁྲོ་ཕུར་མཛད་དེ། ཆུ་ཕོ་སྤྲེལ་ལོ་གྲེ་ཟླ་བའི་ཚེས་གསུམ་ནས་བཅུ་གསུམ་གྱི་བར་དུ་ཁྲོ་ཕུ་བྱམས་ཆེན་གྱི་རབ་གནས་མཛད། རིམ་གྱིས་ཁྲོ་ཕུ་ནས་མངའ་རིས་སུ་ཕེབས་ཏེ། བྱ་ལོའི་དབྱར་གནས་པུ་རངས་སུ་གནང་། ཤིང་ཕོ་ཁྱི་ལོ་ཁ་ཆེར་ཕེབས་ཏེ་ལོ་ཉེར་དགུ་ཙམ་ཞིག་ཏུ་བསྟན་འགྲོའི་དོན་མཛད། དགུ་བཅུ་རྩ་དགུ་པ་སྒྲོག་ཟླ་བའི་ཚེས་ལྔ་ལ་ཞི་བར་གཤེགས། དེ་ལ་པན་ཆེན་ཤིང་ཕོ་བྱི་ལོར་བོད་དུ་ཕེབས་ནས། ལོ་བཅུ་གཅིག་བོད་དུ་བཞུགས་ཟེར་བ་འདི་ལ་ཕལ་ཆེར་མཐུན་མོད། འཁྲུངས་ལོ་ལ་མི་མཐུན་པ་འགའ་ཞིག་འདུག་པའི། དེབ་སྔོན་ལས། པན་ཆེན་མེ་མོ་ལུག་ལ་བལྟམས། དོན་བརྒྱད་པ་ཤིང་ཕོ་བྱི་ལོར་བོད་དུ་ཕེབས། ཆུ་མོ་བྱའི་བར་ལོ་