R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡༥
[A:༡༡༥] ཁྱུང་པོ་རྣལ་འབྱོར་ཡང་གླང་ཐང་པ་ལས་བསྙེན་པར་རྫོགས་ཞེས་འབྱུང་པས། ལོ་ཆེན་འདིའི་ངོ་ལ་ཁྱུང་ཤངས་བཀའ་བརྒྱུད་ཅེས་གྲགས་པ་དེ་ཡང་དར་བ་ཡིན་པས། ལོ་ཆེན་འདིའི་སྐུ་ངོ་ཉིད་ལ་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་དར་བ་ཡིན་ནོ། དེ་ཡང་ཞིབ་ཏུ་དཔྱད་ན། རྔོག་ལོས་བཅུ་བདུན་ཕྲག་གཉིས་པ་ལ་ཁ་ཆེར་གསན་སྦྱོངས་མཛད། སོ་ལྔ་པ་ནས་ང་གཅིག་པའི་བར་བཅུ་བདུན་པ་ཕྲག་གསུམ་པ་ལ་འཕྲིན་ལས་བསྐྱངས་པ་ཡིན་ན། མི་ལས་སོ་བརྒྱད་པ་ལ་མར་པ་དང་མཇལ། ལོ་དྲུག་བསྟེན་ཏེ་ཞེ་ལྔ་པ་ནས་ལོ་བཅུ་གཅིག་སྒྲུབ་པ་ལ་ཞུགས། ལྔ་བཅུ་ང་དྲུག་ཡན་ཆད་གཞན་དོན་མཛད་པ་དང་། པོ་ཏོ་བས་འབྲོམ་གཤེགས་ནས་ལྔ་བཅུའི་བར་སྒྲུབ་པ་མཛད་ལ། ང་གཅིག་པ་ནས་གཞན་ཕན་མཛད་པ་ཡིན་ཞིང་། རྔོག་ལོས་སོ་བདུན་ལོན་པའི་ཚེ། མི་ལས་ང་བཞི་དང་པོ་ཏོ་བས་ང་གཅིག་ལོན་པས། རྔོག་ལོས་མདོ་ཕྱོགས་ཀྱི་འཆད་ཉན་གནང་བའི་ཚེ། མི་ལ་དང་དམ་པས་སྒྲུབ་རྒྱུད་ཀྱི་བསྟན་པ་དང་། རྔོག་འཚུར་མེས་གསུམ། རྭ་མཉན་(གཉན) མགོས་གསུམ། འཁོན་དཀོན་མཆོག་རྒྱལ་པོ་སོགས་ཀྱིས་རྒྱུད་བཤད་དང་། སེ་མཁར་ཆུང་པ་དང་ཞང་པས་ལམ་འབྲས་དང་། པུ་ཏོ་བ་སོགས་སྐུ་མཆེད་གསུམ་གྱིས་བཀའ་གདམས་ཀྱི་བསྟན་པ་སྤེལ་བ་རྣམས་དུས་མཚུངས་པ་ཁོ་ན་ཡིན་ལ། རྒྱ་འདུལ་འཛིན་གྱིས་ལོ་གྱ་ལྔ་བཞུགས་པའི། སོ་བཞིའི་བར་དུ་འདུལ་བ་ལ་ཐུགས་སྦྱོངས་མཛད། སོ་ལྔ་ནས་བཤད་ཉན་གནང་བ་ལས། རོག་དམར་ཁུར་བས་པུ་ཏོ་བ་ཞེ་གསུམ་ལོན་པ་ལ་ཁོང་ཉེར་དྲུག་པའི་དུས་མཇལ། པོ་ཏོ་བ་མ་མཇལ་གོང་། རྒྱ་འདུལ་འདུལ་བའི་འཆད་ཉན་མགོ་ཉུག་པ་ཙམ་ལ་འདུལ་བ་མཉན་ཟེར་བས། རྒྱ་འདུལ་འདུལ་བའི་འཆད་ཉན་གྱི་སྒང་