R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༥
[A:༡༠༥]པ་འཛེང་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སྟེ་རྣལ་འབྱོར་པ་གསུམ། ཕྱག་(ཕྱྭ) དར་སྟོན་པ་དང་བཞིའོ། དེ་དག་ལས། ཇོ་བོ་མངའ་རིས་སུ་བཞུགས་པའི་ཚེ། པནྜི་ཏ་ལས་རྒྱུ་འབྲས་པ་ཞེས་དང་། དབུས་གཙང་དུ་ཕེབས་པའི་ཚེ་སྐྱབས་འགྲོ་པ་ཞེས་གྲགས་པའི་བཀའ་གདམས་པ་ཞེས་མཚན་འདོགས་པ་མེད་ལ། ཕྱིས་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་འབྲོམ་སྟོན་པས་རྭ་སྒྲེང་བཏབ། ཚོགས་པ་དྲུག་ཅུ་ཙམ་རེ་བསྐྱངས་པའི་ཚེ་བཀའ་གདམས་ཞེས་གྲགས་ཤིང་། དེའི་ཐུགས་སྲས་འཇམ་དབྱངས་རྣམ་འཕྲུལ་པུ་ཏོ་བ། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཕུ་ཆུང་བ། ཕྱག་རྡོར་རྣམ་འཕྲུལ་སྤྱན་སྔ་བ་སྟེ་གསུམ་མན་ཆད་ནས་བཀའ་གདམས་གཞུང་པ་དང་གདམས་ངག་པ་གཉིས་སུ་གྲགས། རབ་དབྱེ་ལས། བཀའ་གདམས་གདམས་ངག་ལུགས་གཉིས་དང་༎ ཞེས་པའི་རང་མཆན་ལས། པུ་ཏོ་བ་དང་སྣེའུ་ཟུར་ལས་བརྒྱུད་པ་ཞེས་པ་ལྟར་ན། འབྲོམ་ནས་པོ་ཏོ་བ་ལས་བརྒྱུད་པ་ལ་གཞུང་པ་དང་། དགོན་པ་བ་ནས་སྣེའུ་ཟུར་པ་ནས་བརྒྱུད་པ་ལ་གདམས་ངག་པ་ཞེས་མཚན་འདོགས་པར་གསལ་ལོ། ནག་ཚོ་ཚུལ་རྒྱལ་ཇོ་བོ་སྤྱན་འདྲེན་པ་ལ་བྱོན་པའི་ཚེ་རང་ལོ་ཉེར་བདུན་པ་ཡིན་ཟེར་ལ། གང་ནའང་ལོ་བཅུ་དགུ་རུ་ཇོ་བོ་བསྟེན། ཁོང་གི་སློབ་མ་རོང་པ་ཕྱར་སོར་བ། དེའི་སློབ་མ་ལ་རོང་པ་བུ་བཞི་ཞེས་གྲགས་ཏེ། དེ་ཉིད་སློབ་རྒྱུད་དང་བཅས་པ་ལ་བཀའ་གདམས་འོག་པ་ཞེས་གྲགས་ཟེར། དེ་ཡང་བྱ་འདུལ་འཛིན་བརྩོན་འགྲུས་འབར། ཞུ་ལྷན་པ། རྣམ་འཕར་བ། རོང་རྟག་བརྟན་པ་བཞི། སྔར་རྨ་ཚོ་བྱང་ཆུབ་རྡོ་རྗེའི་བུ་ཆེན་ཡིན་པ་