R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༤
[A:༡༠༤]འཇམ་དབྱངས། འགྲོ་མགོན་ཕྱག་ན་ཕྱག་རྡོར་གྱི་རྣམ་འཕྲུལ་ཞེས་གསུངས། ཁོ་བོའི་ཡོངས་འཛིན་རྗེ་བཙུན་ཁའུ་པའི་བརྒྱུད་འཛིན་རྣམས་གོང་མ་ལྔ་དང་། འཇམ་དབྱངས་དོན་ཡོད་རྒྱལ་མཚན། ཆོས་རྗེ་བླ་མ་དང་བདུན་ལ་འཇམ་དབྱངས་བདུན་བརྒྱུད་ཅེས་འཆད་པ་ཡིན་ནོ། དེ་ནས། ཞ་ལུགས་(ལུ)། ཚོང་འདུས་རྣམས་རིམ་པར་བགྲོད་དེ་ཉན་ཚོར་ཟླ་བ་གསུམ་བཞུགས། ཡོལ་སྐུ་མཆེད་གསུམ་ལ་གནས་རྙིངསྙིང་གི་གནས་ཁྱད་པར་ཅན་ལུང་བསྟན། ཇོ་བོས་ཉན་ཚོ་ནས་དུས་ཚེས་འགྲིག་པ་ལ་གནས་སྙིང་གི་གཙུག་ལག་ཁང་དུ་མེ་ཏོག་གཏོར་བའི་མེ་ཏོག་གནས་སྙིང་དུ་བབས་པ་མངོན་སུམ་གྱིས་མཐོང་བ་ཡིན་ཟེར། དེ་ནས་དབུས་ཀྱི་ལྷ་ས། བསམ་ཡས་སོགས་དང་། གཙོ་བོར་སྙེ་ཐང་དུ་མཐིལ་ཕབ་སྟེ། སྤྱིར་ཆོས་ཀྱི་རྩ་བ་སྐྱབས་འགྲོ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་རྒྱུད་སྦྱངས། ལས་རྒྱུ་འབྲས་ཀྱི་སྤང་བླང་ལྷུར་ལེན་པའི་ཆོས་ཀྱི་གནད་ཟབ་མོའི་སྒོ་ཕྱེ། ཁྱད་པར་དུ་འབྲོམ་སྟོན་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་གནད་ཉམས་ཁྲིད་དུ་གདམས་པའི་སྒོ་ནས། བོད་གངས་ཅན་ལ་བཀའ་དྲིན་མཆོག་ཏུ་སྩལ་བའི་སློབ་མའི་མཆོག། མངའ་རིས་ནས་ལྷ་བླ་མ་བྱང་ཆུབ་འོད། ལོ་རིན་ཆེན་བཟང་། རྨ་དགེ་སློང་(བློ)། ནག་ཚོ་སྟེ་བཞི། གཙང་ནས་འགར་འགོས་ཡོལ་གསུམ། ལེང་འབྲོག་གཉིས། སེ་སྟོན་སྒྲ་གཅན་འཛིན། ཟངས་གཞོན་ནུ་འབར་གཉིས་ཏེ་བདུན། ལྷོ་བྲག་ནས་ཕྱག?ཆག་ཁྲི་མཆོག་དང་བཙུན་པ་དགེ་སྦྱོང་གཉིས། དབུས་ནས་རིགས་གསུམ་གྱི་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ། ཁམས་ནས་རྣལ་འབྱོར་པ་ཆེན་པོ་ལུང་ཨ་མིས་(མེས) བྱང་ཆུབ། དགོན་