R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༢
[A:༡༠༢] ཐུགས་ཡིད་གཅིག་ཏུ་འདྲེས། ཇོ་བོ་ཡབ་སྲས་མཇལ་བའི་ལོ་འདི། དེབ་སྔོན་སོགས་ལས་བྱ་ལོ་ཡིན་ཞེས་བཤད་པ་ནི། འབྲོམ་རང་གི་ལམ་ཡིག་ལ་མ་དཔྱད་པའི་གཏམ་སྟེ། ལམ་ཡིག་ལས། ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས༎ རྒྱལ་པོའི་ཐུགས་དགོངས་ཐམས་ཅད་རྫོགས་པར་མཛད༎ ཅེས་སོགས་དང་། དེ་ལྟར་ང་ལ་བསྟེན་ནས་ལོ་དགུ་དང་༎ ཁུ་ལ་བསྟེན་ནས་ཟླ་བ་བརྒྱད་དང་ནི༎ བར་ལམ་རྣམས་སུ་ཟླ་བ་བཞི་ཙམ་དང་༎ གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་གནས༎ དྲིས་པས་དགུང་ལོ་བདུན་ཅུ་དོན་གཉིས་པའི༎ རྟ་ལོ་དབྱུག་དགུའི་ཚེས་གཅིག་ནས་བརྩམས་ཏེ༎ བཅོ་བརྒྱད་བར་དུ་སྙུང་ཚུལ་བསྟན་པ་ལ༎ འབྲོམ་སྟོན་ཁོ་ན་དྲུང་ན་མཆིས་པ་ཡིན༎ ཞེས་ཇོ་བོས་རྟ་ལོ་ནས་རྟ་ལོའི་བར་ལོ་བཅུ་གསུམ་བོད་དུ་བཞུགས་པའི། འབྲོམ་གྱིས་མཐུན་པའི་རྐྱེན་སྦྱར་ནས་ཨོ་དགུ་དང་། ཁུས་སྦྱར་ནས་ཟླ་བ་བརྒྱད་དང་། བར་ལམ་གྱི་ཞག་སར་ཟླ་བ་བཞི་སྟེ་དབུས་སུ་ལོ་བཅུ་དང་། གཙང་གི་སྐོར་ལ་ལོ་གཉིས་ཏེ། བཅུ་གཉིས་བཞུགས་པར་བཤད་པས། མངའ་རིས་སུ་ལོ་ངོ་གཅིག་ལས་མ་བཞུགས་པར་གྲུབ་ལ། ཁྱེད་ལྟར་ན་རྟ་ལོ་ནས་བྱ་ལོའི་བར་ལོ་བཞི་མངའ་རིས་སུ་བཞུགས་དགོས་པར་བྱེད་དགོས་པའི་ཕྱིར་རོ། དེ་ནས་འབྲོམ་གྱིས་ཡུལ་དབུས་ཀྱི་དགེ་འདུན་གྱི་བསྔགས་པ་གསོལ་བས། ཇོ་བོའི་ཐུགས་སླར་ཚུར་ཕྲོགས་ཏེ། འབྲོམ་གྱིས། ཇོ་བོ་སྤྱན་འདྲེན་པའི་ཕོ་ཉ་དགེ་འདུན་ངུར་སྨྲིག་འཆང་བ༎ ཤིང་རྟ་དབྱིབས་འདྲ་འཛམ་གླིང་གིས༎ ཞེས་སོགས་ཚིགས་སུ་བཅད་པའི་ལྕགས་ཀྱུས་དྲངས་ཏེ། ཡང་ཐོ་གླིང་གསེར་གྱི་ལྷ་ཁང་དུ་སྤྱན་འདྲེན་པས་སླེབས། དེ་ནས་ཇོ་བོ། ལ་སྟོད་བྱང་གི་མདོག་སྟོད་ཚ་སྣ་ཕྱག་ཕེབས། དེའི་ཚེ། ཁུ་སྟོན་རྔོག་ལེགས་ཤེ་སོགས་