R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༣
[A:༡༠༣] དྲུག་གིས། ཐབས་ཤེས་ཡ་བྲལ་གྱིས་འཚང་རྒྱ་འམ་མི་རྒྱ། བྱང་སྡོམ་རྟེན་དུ་སོར་སྡོམ་དགོས་སམ་མི་དགོས། རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་རྒྱུད་བཤད་རུང་ངམ་མི་རུང་། ཚངས་སྤྱོད་ཀྱིས་གསང་ཤེར་གྱི་དབང་བླང་དུ་རུང་ངམ་མི་རུང་། དབང་མ་ཐོབ་པར་གསང་སྔགས་ཀྱི་སྤྱོད་པ་རུང་མི་རུང་སྟེ་དྲི་བ་ལྔ་ཞུས་པས། ལྷ་བཙུན་པས་ཞུས་ཏེ་ལམ་སྒྲོན་གྱིས་གཏན་ལ་ཕབ་ཡོད་གསུངས། འོན་ཀྱང་དེ་དག་ལ་ཇི་ལྟར་གྱི་རྣམ་པར་དབྱེ་བ་ནི་ས་ལོ་ཙཱ་བའི་གསུང་བཞིན་དུ་རྟོགས་དགོས་སོ། དེ་ནས་མང་མཁར་དུ་སེ་སྟོན་དགྲ་གཅན་འཛིན་dm: སྒྲ་གཅན་འཛིན དང་འབྲོག་མིས་སྤྱན་དྲངས། ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་ལ་རབ་གནས་ཞུས། འབྲོང་ངུ་ལ་རྩེར་ཕེབས། དཔོན་པོ་རིའི་ངོས་འབྲོང་གཉིས་འདུག་པ། མ་འོངས་པ་ན་མ་ཧཱ་ཀཱ་ལ་གཉིས་ཀྱིས་འཕྲིན་ལས་མཛད་པར་ལུང་བསྟན། ཕྱག་འཚལ་སྒང་དུ་ཕེབས། ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད། དྷཱི༔་ཡིག་བདུན་དང་ཧཱུམ་ཡིག་གཅིག་འདུག་པ་འཇམ་དབྱངས་བདུན་དང་ཕྱག་རྡོར་གཅིག་སྟེ་བརྒྱད་ཀྱིས་འགྲོ་དོན་སྤེལ་བར་ལུང་བསྟན་པ་ནི། དཔལ་ལྡན་ས་སྐྱ་འཇམ་དབྱངས་བདུན་བརྒྱུད་ཅེས་གྲགས་པ་སྟེ། དེ་ཡང་ཨ་ཏི་ཤས་ལུང་བསྟན་པའི་ཆུ་མོ་ལུག་འདི་ནས་ལོ་བཅོ་བརྒྱད་འདས་པའི་ཆུ་མོ་གླང་ལ་ས་སྐྱ་བཏབ། ས་ཆེན། སྲས་བསོད་རྩེ། གྲགས་པ། དཔལ་ཆེན་འོད་པོ་སྟེ་ཡབ་སྲས་བཞི། ཆོས་རྗེ་ས་པན་དང་། ཟངས་ཚ་སྟེ་སྐུ་མཆེད་གཉིས། འཕགས་པ་སྟེ་བདུན་ལ་འཇམ་དབྱངས་བདུན་བརྒྱུད་ཟེར། ཀུན་མཁྱེན་གོ་རམས་སོགས། རིགས་གསུམ་རྣམ་སྤྲུལ་གསུམ་དུ་ཕྱེ་སྟེ། ས་ཆེན་སྤྱན་རས་གཟིགས། འཁོན་ཀུན་དགའ་འབར་དང་བཅས་པའི་ས་ཆེན་གྱི་སྲས་བཞི། ས་པན་སྐུ་མཆེད། འཕགས་པ་དང་བདུན་