R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༢༦
[A:༤༢༦]གེ་གང་བ་ཡང་དང་པོ་ཐང་རེ་རེ་གཉིས་གཉིས་འཆར་བ་བྱུང༌། ད་དུས་ཕྱིས་རྟག་ཏུ་འོང་གིན་འདུག་སྟོང་གཟུགས་སུ་ནི་གདའ་གསུངས། གླང་ལོར་ལམ་འབྲས་གསུང་དུས་ཤིག །མན་ངག་འདི་པའི་ལུགས་ཀྱི་རྗེས་ཐོབ་ཏུ་ངོ་བོ་ཉིད་གསུམ་སྐྱོང་ཚུལ་འདི་ཟབ་མོ་རང་ཅིག་འདུག །འདི་ཀ་ལ་དྲན་འཛིན་མ་ཆད་པར་བྱས་ཙ་ན་དགེ་སྦྱོར་དགའ་མོ་རང་འོང་གིན་འདུག་གསུངས། ཆོས་དེ་གྲོལ་རྗེས་བདག་གིས་རྗེས་ཐོབ་ལམ་ཁྱེར་ཇི་ལྟར་མཛད་ཞུས་པས། ངས་སྤྲོས་པ་ཙམ་མ་བྱས་པར་བསྒོམས་པས། ད་རྗེས་ཐོབ་ཏུ་གྲོགས་མེད་གཅིག་པུར་བསྡད་ཙ་ན། སྣང་བ་ཐམས་ཅད་ཉམས་སྣང་འབའ་ཞིག་ཏུ་འཆར། དེ་ལས་གཞན་དུ་སེམས་མི་གཡོ་བ་ཅིག་འོང༌། མི་ཅིག་རྩར་བྱུང་བའམ། ཐུག་སྒྲ་སོགས་བྱུང་ཙ་ན་ཁང་ཁྱིམ་སོགས་སྣང་བ་རང་དགའ་མ་འདི་འཆར། ཡང་ཅུང་ཟད་ནས་ཉམས་སྣང་དུ་འགྲོ་བ་ཅིག་བྱུང༌། དེ་ལམ་འབྲས་པའི་ངོ་བོ་ཉིད་གསུམ་སྐྱོང་ཚུལ་དེ་ཀ་ལ་ཉམས་ལེན་བྱས་པའི་འབྲས་བུར་འདུག་གསུངས། དེ་ལ་སོགས་པ་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཞིག་གོ །ཡང་བུ་ཅིག་བདེ་མཆོག་འདི་ལམ་ཁྱད་འཕགས་ཅིག་ཡིན་པར་འདུག །ངས་ཆོས་རྗེ་དཔ༷ལ་ལྡན་པ་ལས་དྲིལ་བུ་པའི་དབང་ཐོབ་ནས་ཡེ་མ་ཆགས་པར་བསྒོམས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཞུས་ནས་བསྒོམ་བཟླས་བྱས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་ཕན་པར་བྱུང་གསུངས། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱང་ཇི་ལྟར་བསྒོ་བའི་ཕྲིན་ལས་སྒྲུབ་པར་སྣང་སྟེ། དུས་ཅིག་ཞི་བའི་གཡག་བདུན་རྐུན་མས་ཁྱེར་འདུག་པ། དེ་ནུབ་གཏོར་མ་བསྔོ་བའི་སྐབས་སུ་མོན་བུ་པུ་ཏྲ་གཡག་དེད་པ་མ་ཤི་བ་ཅིག་གྱིས། རྐུན་མ་རྣམས་ཀྱི་སྲོག་ལ་གནོད་པ་མ་སྐྱེལ། ཚམ་རྔམ་གྱིས་ལ་འཇིགས་སུ་ཆུག་ཅེས་གསུང་སྐད་ཆེན་པོས་ལན་གསུམ་གསུང་གིན་སྣང༌། ཕྱིས་ཞག་གསུམ་སོང་དུས་འཇིགས་མེད་ཟེར་བའི་སྤྱི་བ་ཅིག་འདུག་པ་དེ་ལ། ཆུ་འོག་པའི་མི་ཅིག་ན་རེ་ཁྱེད་ཀྱི་གཡག་བོར་བ་དེ་ངེད་ཁ་ཅིག་གིས་རྙེད་ཡོད་པས་འབུལ་ཟེར། གཏམ་མང་དུ་བྱས་པས་བླ་མའི་བྱིན་རླབས་དང་ཆོས་སྐྱོང་གི་གཏོར་དབང་དགོས། ཕྱིས་ཆོས་སྐྱོང་གི་གནོད་པ་མི་འོང་པའི་སྲུང་འཁོར་དགོས་ཟེར་ནས་གཡག་བདུན་ཀ་བསྐྱལ་སོང༌། ཆོ་འཕྲུལ་འགའ་ཞིག་བྱུང་བར་སྣང་ངོ༌། །དབོན་པོ་ཤེས་རབ་སེང་གེ་