R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༠
[A:༣༩༠]པོ་བྱུང་གསུངས། དགུང་ལོ་བཅུ་དྲུག་གི་བར་དུ་བླ་མ་བཟང་པོ་པ་དང་བླ་མ་གཞོན་ནུ་དཔལ་གཉིས་ལས་ཕ་ཆོས་བརྟག་གཉིས་བདེ་ཀྱེ་ཡོ་ག་གསུམ་ལ་སོགས་པ་ས་ལུགས་ཀྱི་དབང་བྱིན་རླབས་ལུང་མན་ངག་མང་དུ་གསན་ཅིང་ཕྱག་ལེན་ཕྲ་མོ་ཡན་ཆད་ཐུགས་སུ་ཆུད་པར་མཛད། བླ་མ་བཟང་པོ་པ་དེ་ཉིད་ལས་སྦྱོར་དྲུག །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ་སོགས་པ་ཞུས་པས་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས་སོ། །ཡབ་ལས་ཀྱང་བདེ་ཀྱེ་སྒྲོལ་མའི་དབང༌། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང༌། ཐུགས་བསྐྱེད་ལ་སོགས་པ་ཆོས་མང་དུ་གསན་ནོ། །དགུང་ལོ་བཅུ་གཅིག་པ་ལ་བླ་ཆེན་ཀུན་བློའི་དྲུང་དུ་དགེ་བསྙེན་ཞུས། དབུ་མ་ལུགས་ཀྱི་ཐུགས་བསྐྱེད། བདེ་ཀྱེ་ཡོ་ག་གསུམ་ལ་སོགས་པའི་དབང༌། ཆོས་སྐྱོང་ཆེ་ཆུང༌། ཚོགས་བདག་དམར་ཆེན། དཀར་མོ་ཉི་ཟླའི་རྗེས་གནང་ལ་སོགས་པ་དུ་མ་གསན་ནོ། །དེ་ནས་སྔགས་མཚན་ཉིད་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་བླ་མ་དཔལ་ལྡན་སེང་གེ་ལས་ཚད་མ་རྣམ་འགྲེལ་ལ་སོགས་པའི་མཚན་ཉིད། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་བྱིན་རླབས། ལམ་འབྲས་ལ་སོགས་པའི་ཁྲིད་མན་ངག །རྒྱུད་འབུམ་ལ་སོགས་པའི་ལུང༌། བླ་མ་དེ་ལ་བཞུགས་པ་ཕལ་ཆེ་བ་གསན་ཞིང་ཐུགས་སུ་ཆུད་དོ། །དགུང་ལོ་བཅུ་བདུན་པ་ལ་གངས་ཅན་གྱི་མཁས་གྲུབ་ཐམས་ཅད་ཀྱིས་བསྟེན་པའི་འདུལ་བ་འཛིན་པ་ཆེན་པོ། ཇོ་གདན་ཚོགས་པའི་མཁན་ཆེན་བསོད་ནམས་གྲགས་པ་དང༌། སློབ་དཔོན་མཁས་མཆོག་དཔལ་ལྡན་སེང་གེ་དང༌། གྲིབ་ཚོད་པ་བླ་མ་བཟང་པོ་པས་མཛད་དེ་རབ་ཏུ་བྱུང་ནས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དགུང་ལོ་ཉི་ཤུ་པ་ལ་དགེ་ཚུལ་གྱིས་མཁན་སློབ་ཞུས་པའི་མཁན་སློབ་རྣམས་ཀྱི་དགེ་སློང་གི་མཁན་སློབ་ཀྱང་མཛད། གྲིབ་ཚོད་པ་བླ་མ་དོན་ཡོད་དཔལ་བ་དང༌། གྲོགས་ལྡན་པ་སློབ་དཔོན་གྲུབ་རྒྱལ་བ་ལ་སོགས་པ་དང་