R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༧བ
[A:༣༡༧བ]དད་ཅིང་ལུས་པ་རྣམས་ཀུན་ཀྱང་གྲོལ། །དད་པ་མེད་པ་རྣམས་ད་དུང་ལུས། །དཔེ་འདི་འདྲ་དངོས་སུ་མཐོང་བཞིན་དུ། །ཁོང་དད་མེད་རྣམས་སྙིང་རེ་རྗེ་བ་ལ། །མི་ཁོ་བོ་ལ་བླ་མ་མང་ཡོད་ཅིང་། །ཁོང་དེ་ཀུན་ཀྱང་གདུལ་བྱའི་སྣང་ངོ་རུ། །འདུལ་བྱེད་ཀྱི་རྣམ་པར་ཐ་དད་ཀྱང་། །དོན་ཡིན་ལུགས་རྡོ་རྗེ་འཆང་ཆེན་གྱི། །ཐུགས་ཡེ་ཤེས་ངང་དུ་རོ་གཅིག་བཞུགས། །ཚུལ་འདི་ལ་ངེས་ཤེས་གཏིང་ནས་རྙེད། །ཆོས་ཀུན་ཀྱང་ཡིད་བདེའི་ལྟད་མོར་ཤར། །གདན་འདི་འདྲ་ཤེས་ཚད་རང་མཚང་ཡིན། །འདི་མ་ཤེས་ཀུན་ཀྱང་རང་ཕུང་ཡིན། །དོན་ཟབ་མོ་འདི་འདྲ་རྟོགས་པ་ཡང་། །རྗེ་བླ་མ་ཁོ་ནའི་ཐུགས་རྗེ་སྟེ། །ཁྱེད་རྩ་བའི་བླ་མ་བྱིན་རླབས་ཅན། །དྲིན་དུས་གསུམ་སངས་རྒྱས་ཡོངས་ལས་ལྷག །ཐུགས་མཁྱེན་བརྩེ་ནུས་པ་ཀུན་ལྡན་པ། །བུ་ཡིད་གཉིས་མེད་པར་གསོལ་འདེབས་ཀྱི། །སྔར་བཞིན་དུ་བདག་ཅག་དཔོན་སློབ་ཀྱི། །ཡིད་བསམ་དོན་མ་ལུས་འགྲུབ་པར་མཛོད། །ང་ཆོས་མེད་རྣལ་འབྱོར་ཨཱ་ནནྡ། །ཆོས་ཉམས་ལེན་ཏིལ་ཙམ་མི་འདུག་ཀྱང་། །རྗེ་ཡོངས་འཛིན་བླ་མའི་བཀའ་དྲིན་གྱིས། །རང་བསམ་པའི་ཁྱེར་སོ་འདི་བཞིན་ཡོད། །གཞི་གཞི་མེད་རྩ་བྲལ་གནས་ལུགས་འདི། །རྗེ་རྗེ་བཙུན་བླ་མའི་ཐུགས་ཀྱི་གཤིས། །རང་རང་སེམས་དེ་དང་དབྱེར་མེད་པ། །བུ་བུ་སློབ་ཡོད་ཀྱང་དེ་ཡི་ངང་། །ངང་དེ་ནས་མཐོང་ཐོས་རིག་གསུམ་འདི། །འདི་བླ་མའི་སྐུ་གསུང་ཐུགས་སུ་བསྒོམ། །བསྒོམ་དེ་འདྲའི་ངང་ནས་རྣམ་གཡེང་ཀུན། །ཀུན་བསྟན་འགྲོའི་དོན་དུ་གྱུར་ཅིག་སྙམ། །ཡིད་ལྷག་བསམ་མཐའ་རུ་ཕྱིན་པ་དང་། །དུས་ཕྱི་མ་མཐོང་ཐོས་དྲན་རེག་ཀུན། །ཞིང་བདེ་བ་ཅན་དུ་ཀུན་