R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༦བ
[A:༣༡༦བ]གསུངས་པ་ལྟར་གྱི་བསླབ་པ་འབུལ་ཆོག་ཚུལ་བཞིན་དུ་བགྱིས་པའི་ཡོངས་རྫོགས་དགེ་བསྙེན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གནས་པར་བགྱིས་ཏེ། དཔལ་ལྡན་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་འདི་བཞིན་ཁུར་བ་ལ་བརྟེན་པའི་རྣམ་གཡེངས་ཆེས་པ་ནས། རྒྱུན་གྱི་དགེ་སྦྱོར་ངག་འདོན་སྤྲོས་མེད་སོགས་གང་ཡང་མཐིལ་ཕྱིན་རང་ཞིག་མི་ཡོང་འདུག་པ་སོགས་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཙམ་ཡང་མེད་པའི་ཡར་འདྲེན་གྱི་གཟུགས་བརྙན་བདག་ལ་རྩ་བརྒྱུད་ཀྱི་བླ་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཐུགས་མི་ཁྲེལ་ཞིང་རྗེས་སུ་བཟུང་དུ་གསོལ། སླར་ཡང་རང་གི་ངང་ཚུལ་ཅུང་ཟད་ཐོལ་བྱུང་དུ་སྨྲས་པ། རྗེ་ལྷ་མཆོག་ཟུར་ཕུད་ལྔ་པ་དང་། ཁོང་སྟོབས་ཀྱི་མགོན་པོ་བི་རཱུ་པའི། །དོན་བརྒྱུད་པ་མིན་པར་རྗེས་བཟུང་བའི། །དཔལ་ས་སྐྱའི་བླ་ཆེན་ཡབ་སྲས་སོགས། །སྐྱབས་ཀུན་འདུས་བླ་མའི་ཞབས་ལ་འདུད། །བུ་བདག་ལ་རེ་ས་གཞན་ན་མེད། །ཚེ་འདི་ཕྱི་བར་དོར་ཐུགས་རྗེས་གཟིགས། །དུས་འབྲལ་བ་མེད་པར་བསྐྱབ་ཏུ་གསོལ། །མི་ཆོས་འབྱོར་བྲལ་བའི་སྤྲང་པོ་ངས། །བློ་བསམ་མནོ་འཆོས་པའི་གླུ་ཆུང་འདི། །ཚིག་བསྒྲིགས་ལེགས་སྤངས་ཏེ་ཐོལ་བྱུང་སྨྲས། །ད་མཐུན་རྐྱེན་འཛོམ་ན་འཛོམ་སྟེ་དགའ། །མི་ཁོ་བོ་ལ་མཐུན་རྐྱེན་ཅི་བྱུང་ཡང་། །ལྗོངས་བསྟན་པའི་བདག་པོ་ས་སྐྱ་པའི། །བསྟན་བསྟན་འཛིན་དགོན་གནས་བཅས་པ་ཡི། །དོན་ཞབས་ཏོག་ཁོ་ན་ལས་གཞན་གང་། །ཡང་མཐུན་རྐྱེན་ཞན་ན་ཞན་པས་དགའ། །འདུ་འཛི་ཆུང་བས་གཡེང་བ་ཆུང་། །གཡེང་བ་ཆུང་བས་ཆོས་སྤྱོད་འཕེལ། །དཔལ་འབྱོར་ཆེ་ཡི་སྡུག་བསྔལ་