R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༩ན
[A:༢༩༩ན]ཀྱི་ཆ་མནལ་ལམ་དུ། ས་སྐྱའི་རྒྱབ་རི་དཔོན་པོ་རི་ནས་གདོང་ནག་གི་བར་གྱི་ནམ་མཁའ་ལ་སྤྲིན་ནག་གྲུ་གསུམ་འཁྲིགས་པའི་དབུས་སུ་གུར་གྱི་མགོན་པོ་ཉིད་ཕྱག་གཉིས་ཀྱིས་གྲི་ཐོད་ཉུག་གེ་བ་དང་། དེའི་སྟེང་གི་ཕྱོགས་སུ་ཁྱུང་ཆེན་གསུམ། གཡས་ཕྱོགས་སུ་བྱ་ནག་གསུམ། གཡོན་ཕྱོགས་སུ་ཁྱི་ནག་གསུམ། རྒྱབ་ཕྱོགས་སུ་ཅེ་སྤྱང་གསུམ། མདུན་ཕྱོགས་སུ་མི་ནག་གསུམ་རྣམས་ཤིན་ཏུ་གསལ་བ་དང་། སྤྲིན་ནག་གི་གསེབ་ན་མེ་རིས་ཤིན་ཏུ་ལེགས་པ་བཟོ་རིགས་པ་མཁས་པ་སུས་ཀྱང་བསྐྲུན་པར་མི་ནུས་པ་ལྟ་བུ་འུར་སྒྲ་དང་བཅས་འབར་བ་ཡུན་རིང་དུ་གཟིགས་ཤིང་། དེའི་ངང་ནས་གུར་གྱི་མགོན་པོའི་སྐུ་ཡོངས་རྫོགས་ཇེ་གསལ་ཇེ་གསལ་འགྲོ་བ་ཞིག་འདུག་པ་ལ། ཞབས་འབྲིང་པོ་ཞིག་གིས་མནལ་སད་བྱུང་བས་ཤིན་ཏུ་ཕོངས་པ་ཞིག་བྱུང་གསུངས་ཤིང་། ཡང་ཉིད་ཀྱིས་ལྷ་ཁང་ཆེན་མོའི་ཡང་སྟེང་དུ་རྡོ་རྗེ་ཕུར་པའི་གསུང་བསྙེན་མཛད་པའི་དུས་ཐོ་རངས་ཤིག་མནལ་ལམ་དུ། གཙུག་ལག་ཁང་ཆེན་པོ་དེ་ཉིད་ཀྱི་ཁྱམས་སྟོད་ན་བཞུགས་པའི་སྐུ་རྣམས་ལ་རྡུལ་སྤྲུགས་མཛད་ཀྱིན་འདུག་པ་ན་སྐུ་དེ་དག་གི་ཁྲོད་ནས་མི་དཀར་པོ་ཞིག་བྱུང་ནས་རྗེ་ཉིད་ལ་ཤོག་རིལ་ཞིག་གཏད་དེ། འདི་ཚེ་གཟུངས་ཡིན་པས་རྒྱུན་དུ་སྒྲོགས་ཤིག་ཟེར་ནས་མི་སྣང་བར་གྱུར་སོང་སྟེ། ཤོག་རིལ་ལ་གཟིགས་པས་སྔགས་ཤིག་འདུག་པ་བཟུང་བས། ནང་པར་མནལ་སད་ནས་ཀྱང་བྱང་བར་ཐུགས་ལ་བཟུང་འདུག་པས་རེ་ཞིག་ཆག་མེད་དུ་མཛད་ཅིང་། དུས་ཕྱིས་བསྙེལ་ནས་མེད་དོ་ཞེས་གསུངས་ཀྱང་། གོང་གི་མི་དཀར་པོ་བྱུང་གསུངས་པ་དེ་ཡང་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུས་ཞལ་