R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༦བ
[A:༢༨༦བ]དུང་ནར་ཙམ་ཕེབས་སྐྱེལ་ལ་འགྲོ་ལགས་ཞུས་པས། ད་ནི་འདི་རང་དུ་བཞུགས་པ་ལེགས། ཕུར་སྒྲུབ་ཀྱི་ཚོགས་དཔོན་ལ་འབྱོན་མི་དགོས་པ་ཨེ་ཡིན། ཚོགས་དུང་ཀྱང་ཕྱིས་འགྲོ་ཉན་ཡོད་དོ་ཞེས་གསུང་བྱུང་བ་བཞིན་དགོངས་པ་དང་སྦྱར་ལ་ཚུར་ལོག དེ་ནས་རྗེ་ཉིད་ཀྱིས་རིམ་གྱིས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རྩེ་གདོང་བླ་བྲང་དུ་ཆག་ཕེབས་ནས་བཞུགས་པའི་སྐབས་སུ། གཞན་ངོར་སྐུ་ཅུང་ཟད་བསྙུང་བའི་ཚུལ་བསྟན་ཅིང་ཞིང་ཁམས་གཞན་དུ་འབྱོན་པར་ཉེ་བ་ན། དེའི་ལྔ་ལྟས་སུ་འཇིག་རྟེན་གྱི་ཁམས་སུ་རླུང་འཚུབ་ཆེན་པོས་ས་གཞི་གཡོ་བ་ལྟ་བུ་ལ་སོགས་པ་ལྟས་ངན་པ་དཔག་ཏུ་མེད་པ་ཡང་བྱུང་ཞིང་། དེའི་དུས་སུ་རྗེ་འདིས་རྒྱུན་དུ་ཆིབས་པ་མཛད་པའི་ནོར་བུ་འཕུར་ཤེས་བྱ་བདེ་གློ་བུར་དུ་ཤི་བ་ན། རྗེའི་གསུང་གིས་ད་མི་རྒན་དང་རྟ་རྒན་མཉམ་དུ་འགྲོ་བ་ཡིན་ཞེས་གསུངས་པ་དང་། གཞན་ཡང་སྐུ་འཁོར་རྣམས་ལ་སྔོན་སྔགས་འཆང་ཆེན་པོ་ཞིང་གཤེགས་པའི་ཚེ་སྐུ་གདུང་ལ་ཞབས་ཏོག་མཛད་ཚུལ་སོགས་འཕྲོས་གཏམ་གྱི་ཚུལ་གྱིས་ཞིང་ཁམས་གཞན་དུ་གཤེགས་པའི་གསུང་འབའ་ཞིག་བྱོན་པ་ན། ཞབས་འབྲིང་བ་རྣམས་མྱ་ངན་གྱི་ཁང་བུར་ཞུགས་པར་གྱུར་ཏེ། སྐུ་རིམ་སོགས་རྒྱ་ཆེན་པོ་བསྒྲུབ་ཅིང་། གསོལ་སྨན་སོགས་ཀྱི་འཕྲོད་རྟེན་གང་མང་ཞིག་ཕུལ་ཀྱང་སྐུ་ལ་སྐྱེད་དུ་མངོན་པ་ཞིག་མ་བྱུང་བ་ན། དེ་ནས་བདག་ཉིད་ཆེན་པོ་འདི་གཞན་སྣང་དུ་སྐུ་དུབ་པའི་ཚུལ་བསྟན་ཀྱང་། གསུང་ལས། ངེད་རང་གི་དངོས་པོ་རྒྱལ་རྩེ་དང་རྩེ་གདོང་སོགས་ཕྱོགས་ན་ཡོད་པ་རྣམས་མྱུར་དུ་དགེ་སྡིངས་རང་དུ་སྒྲིལ་ཅིག དེ་རྣམས་ཀྱི་འགྲོ་ས་ཅིག་སྟོད་ཕྱོགས་ཡ་གི་ན་ཡོད་པ་ཡིན་ནོ་ཞེས་གསུངས་