R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༢ན
[A:༢༦༢ན]ཡས་ཀྱི་གཙུག་ལག་ཁང་སོགས་ལ་རབ་གནས་དང་སློབ་དཔོན་ལ་གསོལ་བ་བཏབ་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བས་དེ་བཞིན་མཛད་དགོས་ཚུལ་ཞུས་པ་བཞིན། དེ་འཕྲལ་རྩེ་གདོང་བདག་སྨྱོན་སྟག་ལུང་ནས་སྤྱན་འདྲེན་པར་མཛད་དེ། བདག་ཉིད་ཆེན་པོ་སྐུ་མཆེད་ཁུ་དབོན་རྣམས་ཀྱིས་བསམ་ཡས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་རྣམས་ཀྱི་ཞིག་གསོས་དང་རབ་གནས་རྒྱས་པ་མཛད་ཅིང་། དེ་ནས་རྗེ་བཙུན་གཅེན་གྱིས་སྟག་ལུང་སོགས་སུ་ཕེབས་ནས། བདག་ཉིད་ཆེན་པོ་ཡབ་སྲས་གཉིས་ཀྱིས་བསམ་ཡས་སུ་བཞུགས་ཏེ། དེར་གཏེར་སྟོན་ཤེས་རབ་འོད་ཟེར་བ་དང་མཇལ་ནས། དེ་ལ་ཡང་གཏེར་ཆོས་མང་དུ་གསན་ཏེ། དེའི་སྐབས་སུ་ཉིན་གཅིག་གི་ཚེ་སྔགས་འཆང་སྤྲུལ་པའི་སྐུ་ཉིད་ཀྱི་དབུ་རྩེ་ཆེན་མོའི་བར་ཁང་གཡུ་ཞལ་མཐིལ་ནས། མཁའ་འགྲོ་མ་བདེ་བའི་རྡོ་རྗེའི་དབུ་ཐོད་སྐྱེ་བདུན་ཨ་མས་བཀང་བ་དང་། སློབ་དཔོན་རིན་པོ་ཆེའི་ཚེ་རིལ་དམ་རྫས་སོགས་ཡོད་པ་གཏེར་ནས་འདོན་པར་མཛད་ཅིང་། སྐབས་དེར་བདག་ཉིད་ཆེན་པོའི་ཆག་ཕྱི་གཏེར་སྟོན་ཤེས་རབ་འོད་ཟེར་བས་མཛད་ནས། བསམ་ཡས་མཆོད་རྟེན་དཀར་པོ་ནས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་དང་སྐྱེ་བདུན་ཨ་མའི་ཐུམ་བུ་ཞིག་གཏེར་ནས་སྤྱན་དྲངས་ཏེ། དེའི་དུས་ཀྱི་ལྕགས་ཀྱི་རྡོ་རྗེ་དེ་ཉིད་བདག་ཉིད་ཆེན་པོའི་རྡོ་རྗེ་ཕུར་པའི་དབང་བསྐུར་གྱི་དབང་རྫས་མཛད་པར་གྲགས་ཤིང་། བདེ་བའི་རྡོ་རྗེའི་དབུ་ཐོད་དེ་ཉིད་ནཱ་རོ་མཁའ་སྤྱོད་སོགས་ཀྱི་བྱིན་རླབས་མཛད་དུས་དབང་རྫས་མཛད་ནས་དེང་སང་གི་བར་དུ་གདན་ས་ཆེན་པོ་ཉིད་ན་བཞུགས་པ་འདི་ཉིད་དོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་བསམ་