R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༩བ
[A:༢༥༩བ]གསལ་བར་གྱུར་པ་ལགས་སོ། །དེ་ལྟ་བུའི་སྔགས་འཆང་བླ་མ་བདག་ཉིད་ཆེན་པོ་དེས་གདན་ས་ཆེན་པོའི་འཛིན་སྐྱོང་སྤེལ་གསུམ་རྣམས་དང་། དད་ལྡན་གྱི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ། སྐབས་འགར་དབེན་གནས་རྣམས་སུ་ཐུགས་དམ་ཟབ་མོའི་རིམ་པ་ལ་རྩེ་གཅིག་ཏུ་བཞུགས་པ་སོགས་ཆོས་དང་མཐུན་པའི་མཛད་འཕྲིན་ཁོ་ནའི་རིང་ནས་བསྟན་པའི་རྩ་བ་གདུང་སྲས་རྒྱུན་མ་ཆད་པར་བྱོན་པ་ཉིད་ཡིན་པར་དགོངས་པའི་རྒྱུ་དང་། བདག་ཉིད་ཆེན་པོའི་རིགས་ཀྱི་ཅོད་པན་དམ་པ་རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་ངག་དབང་ཆོས་གྲགས། རྒྱལ་སྲས་དཔལ་ལྡན་བཀྲ་ཤིས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་རྣམས་གཙོ་བོར་གྱུར་པའི་རྗེ་བཙུན་ས་སྐྱ་པའི་བསྟན་པ་ཐུགས་ཁོངས་སུ་བཅངས་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ་དང་། དབུས་གཙང་གི་སྐྱོང་བ་ས་སྐྱ་པའི་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱིས་གདུང་རིགས་སྤེལ་བ་མཛད་དགོས་པའི་གསོལ་བ་དྲག་ཏུ་བཏབ་པའི་རྐྱེན་ལ་བརྟེན། བདག་ཉིད་ཆེན་པོ་འདིས་བཙུན་མོ་གསུམ་ཙམ་ཞིག་ཁབ་ཏུ་བཞེས་ནས། རིགས་ཀྱི་གདུང་སྲས་དམ་པ་གཅེན་འཇམ་པའི་དབྱངས་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་གྲུབ་པའི་འཁོར་ལོས་སྒྱུར་བ་པོ་དེ་ཉིད་དང་། གཅུང་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོའི་རྣམ་པར་སྤྲུལ་པ་དེ་ཉིད་དེ་གདུང་སྲས་དམ་པ་སྐུ་མཆེད་གཉིས་བསྐྲུན་པར་མཛད་ཅིང་། དེ་ནས་རིགས་སྲས་དམ་པ་དེ་གཉིས་ལ་བདག་ཉིད་ཆེན་པོ་རང་ལ་ཇི་ལྟར་བཞུགས་པའི་ཟབ་ཆོས་རྣམས་ཀྱང་ལེགས་པར་སྩོལ་བར་