R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༩ན
[A:༢༥༩ན]པར་མཛད་ནས། དེ་དག་ལ་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབ་པ་སོགས་མདོར་ན་ཕྱག་རྫས་ཀྱི་དངོས་པོ་ཅི་བྱུང་བ་ཐམས་ཅད་ཀྱང་དཀོན་མཆོག་གི་ཞབས་ཏོག་ཁོ་ན་མ་གཏོགས་རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་འཛིན་པར་སྐྱེ་བོ་མཁས་བླུན་ཐམས་ཅད་ལ་ཡོངས་སུ་གྲགས་པ་ཡིན་ཅིང་། གཞན་ཡང་བདག་ཉིད་ཆེན་པོ་འདིས་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་ནས་དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ཀྱི་དོན་དུ་ལེགས་བཤད་ཀྱི་ཚོགས་གསར་དུ་མཛད་པ་ཡང་། །ས་ལོ་ཐམས་ཅད་མཁྱེན་པ། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་ངག་དབང་ཆོས་གྲགས་རྣམས་ཀྱི་བསྟོད་པ་སོགས་བསྟོད་པ་དང་གསོལ་འདེབས་ཀྱི་སྐོར་མང་པོ་དང་། བདེ་མཆོག གསང་འདུས། ཕུར་པ་ས་ལུགས་ཀྱི་དཀྱིལ་ཆོག་སོགས་དཀྱིལ་ཆོག་དུ་མ་དང་། བདེ་ཀྱེ་གསང་གསུམ་ཀུན་རིག་སོགས་ཀྱི་དབང་ཆོག་སོགས་ལས་དང་པོ་ལ་མཁོ་ཞིང་། རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་འགྲེལ་ངེས་པའི་དབང་ཆོག་མང་པོ་ཞིག་དང་། གཞན་ཡང་གསང་འདུས་དང་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ལ་སོགས་པ་སྒྲུབ་ཐབས་ཀྱི་རིགས་མང་པོ་ཞིག་དང་། ཁྲིད་ཡིག་དང་དཀའ་བའི་གནད་ཀྱི་དྲིས་ལན་གདམས་པ་དང་། སྤྲིངས་ཡིག་གི་སྐོར་ལ་སོགས་པ་མདོར་ན་ཁོ་བོ་ཅག་གིས་དཔེ་དང་ལུང་རྒྱུན་འཚོལ་བའི་ཕྱིར་འབད་པ་ཆེན་པོས་དུས་ཕྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྔགས་འཆང་ཉིད་ཀྱི་བཀའ་འབུམ་པོ་ཏི་གསུམ་བཞུགས་པ་སོ་སོའི་དཀར་ཆག་ནང་བཞིན་གྱི་སྔོན་མེད་པའི་ལེགས་བཤད་བསམ་གྱིས་མི་ཁྱབ་པ་མཛད་པ་རྣམས་ཀྱིས་ཀྱང་བསྟན་པ་རིན་པོ་ཆེ་ཆེས་ཆེར་