R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༧ན
[A:༢༥༧ན]གསུམ་སོགས་ངོ་མཚར་ཡིད་དུ་འོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་ཡང་སོ་སོའི་དྲུང་དུ་ཏིང་བདུན་ཚར། རྡོ་རྗེ་དྲིལ་བུ། རོལ་མོ། ས་རྒྱན། གནམ་རྒྱན། སྙན་དར་སོགས་སོ་སོ་སྐྱེ་བོའི་བློས་དཔག་པར་དཀའ་བ་ཞིག་འབུལ་བར་མཛད་ཅེས་ཡོངས་སུ་གྲགས་ཤིང་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ་འདི་དག་གོ །གཞན་ཡང་ངོ་མཚར་བཀོད་པ་རྨད་དུ་བྱུང་ཞིང་ཡིད་འཕྲོག་པའི་ཁང་བཟང་ཡང་ལྷུན་གྲུབ་ཕོ་བྲང་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསར་དུ་འདེབས་པར་མཛད་ཅིང་། དེ་ལྟར་གཙུག་ལག་ཁང་གསར་བཞེངས་དང་། སྔར་ཡོད་རྣམས་ཉམས་པ་གསོ་བ་མཛད་པའི་སྐབས་དེར་སྤྱིར་ངོ་མཚར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་དང་། ཁྱད་པར་འབུམ་ཐང་ཆེན་མོའི་ཞིག་གསོས་ཀྱི་སྐབས། ཉིན་གཅིག་གི་ཚེ། ལས་མི་མང་པོ་ཚ་བ་བྱེད་སྐབས་སྤྱི་ཁང་གི་འགྲམ་བཅག་ཆེན་པོ་ཞིག་ཡོད་པ་གློ་བུར་དུ་ཞིག་ནས་ཐམས་ཅད་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཚེ། སྔགས་འཆང་ཉིད་ཀྱི་ཐུགས་རྗེས་ལས་མི་རྣམས་ལ་ས་རྡོ་གང་གིས་ཀྱང་གནོད་པ་མ་བྱུང་ཞིང་། དེའི་རྗེས་སུ་བདག་ཉིད་ཆེན་པོ་གཟིགས་རྟོག་ལ་ཕེབས་པ་ན། ས་རྡོའི་གསེབ་ན་ཤིང་ལེབ་གཅིག་ལ་ཡི་གེ་དབུ་ཅན་ཁྲལ་ལེ་བ་གསལ་པོ་རང་མིན་པ་ཞིག་བརྐོས་ནས་འདུག་པ་ལ་ཁྲུས་གསོལ་ནས་ཡི་གེ་དེ་ཉིད་བཀླགས་པ་ན། ད་ལྟའི་ཟུག་རྒྱབ་པ་འདི་ནི་མཧཱ་ཀཱ་ལའོ་ཟེར་བ་འདུག་པ། དེའི་ཚུལ་བདག་ཉིད་ཆེན་པོ་ལ་ཞུས་པས། ཧེ་ཧེ་དེ་ང་ལ་ཟེར་བ་ཡིན་པ་འདྲ་ཞེས་གསུངས་པར་གྲགས་པ་དང་། གཞན་ཡང་སྒོ་རུམ་ལ་ཉམས་གསོ་མཛད་སྐབས་ཀྱང་བསེ་འབག་ནག་པོ་འཕུར་ཤེས་སྔགས་འཆང་