R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥བ
[A:༢༥བ]འཛིན་པ། མདུན་དུ་བི་ན་ས་སྟེ་ནགས་ཁྲོད་པ་ཐལ་མོ་སྦྱར་ནས་བདུད་རྩི་འབུལ་བ་སྟེ། གཙོ་འཁོར་ལྔ་ས་དཀར་པོ་རྒྱབ་ཡོལ་དུ་མཛད། ཡ་གི་མོན་གྲོག་ནས་མ་གི་འབལ་གྲོག་གི་བར་སྐྱིལ་ཀྲུང་གིས་ཁྱབ་པར་མཛད་ནས། འདི་རྣམས་ཐམས་ཅད་ང་དབང་གསུངས་ཤིང་དངོས་སུ་བྱོན་ནས་ཞལ་བསྟན་པས། ཐུགས་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་། ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཨ་ལ་ལ་སྟེ་ཞེས་སོགས་ཀྱི་བསྟོད་པ་ཡང་མཛད། དེ་ནས་ཟླ་བ་གཅིག་གི་བར་དུ་འཚོ་བ་ཟུར་ནས་བླངས་ཤིང་སྐུ་མཚམས་བསྡམས་ནས་གཙོ་འཁོར་ཅི་རིགས་པར་བྱོན་ཞིང་། བླ་མེད་ཀྱི་རྒྱུད་སྡེ་བདུན་ཅུ་རྩ་གཉིས་སམ། །བླ་མེད་དང་འབྲེལ་བའི་དབང་བྱིན་རླབས་སོགས་ཀྱི་ཆོས་སྣ་བདུན་ཅུ་རྩ་གཉིས། ཁྱད་པར་དུ་ལྕགས་རི་ཕྱིར་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པ་གསན་ཅིང་ཐུགས་སུ་ཆུད་པ་དང་། ཡང་དགེ་བཤེས་སྙག་གིས་བཟང་རྒྱུད་འབྲོག་པའི་གསེབ་ཏུ་བྱོན་ཙ་ན། མགྲིན་པ་ཡན་ཆད་ཐིག་ལེས་བརྟན་པའི་རྟགས་ཤར་བ་ཅིག་མཐོང་ནས། སུའི་སློབ་མ་ཡིན་དྲིས་པས། བླ་ཆེན་གྱི་ཚར་ཁར་བཞུགས་ཙ་ན་ཁྲིད་ལོ་གསུམ་བསྐྱངས་པའི་སློབ་མ་ཡིན་ཟེར། བགྲེས་པོ་ཀུན་ལ་བླ་ཆེན་ཚར་ཁར་ནམ་བྱོན་དྲིས་པས། གུང་ཐང་ཡན་ཆད་དུ་བྱོན་པ་ཡེ་མེད་ཟེར་ཏེ། དེ་ལྟ་བུའི་སྐུའི་བཀོད་པ་བསྟན་ནས་སྒོམ་ཆེན་སུམ་ཅུ་ཙམ་རེ་ལ་ཁྲིད་སྐྱོང་བ་དང་། ས་སྐྱར་བཞུགས་ནས་ལམ་འབྲས་གསུངས་ཤིང་བླ་མ་གོང་མའི་དགོངས་པ་རྫོགས་ཐབས་མཛད་པ་དང་། གུང་ཐང་དུ་མལ་གྱི་ཉེ་གནས་མཛད་ནས་དྲིལ་བུ་པའི་ཆོས་སྐོར་ཞུས་པ་དང་། འབྲིང་མཚམས་སུ་མགྲོན་ལ་ལྕམ་