R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༧བ
[A:༢༤༧བ]ཅིང་། གཞན་ཡང་ཀྱེ་རྡོར་བཀའ་བབས་ཕྱི་མ་རྣམས་ཀྱི་དབང་། རྡོ་རྗེ་ཕྲེང་བ་ཡོངས་རྫོགས་ཀྱི་དབང་། གསང་འདུས། འཇིགས་བྱེད། མགོན་པོ་སོགས་ཀྱི་དབང་། ཀྱེ་རྡོར་རྒྱུད་གསུམ་གྱི་བཤད་བཀའ། རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞི་མ། མགོན་པོའི་གསེར་པོད་ཚང་མ། རྗེ་ངོར་ཆེན་ཐམས་ཅད་མཁྱེན་པ་རང་གི་བཀའ་འབུམ་གྱི་ལུང་དང་། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩའི་རྗེས་གནང་དང་། དེ་དག་གི་ཡིག་ཆའི་ལུང་། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཡིག་རྙིང་གི་ལུང་དང་བཅས་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད། ཡང་ཆོས་ཀྱི་རྗེ་འཕགས་ཆེན་དཔལ་ལྡན་བཀྲ་ཤིས་ཀྱི་དྲུང་དུ། བིརྺ་པའི་སྲུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་དང་། བརྡ་ཆིག་བརྒྱུད་སོགས་གསུང་ངག་གི་ཆ་ལག་རྣམས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་། འདིའི་རྣལ་འབྱོར་བཅུ་གཅིག་གི་བཤད་བཀའ། རྩ་དབུ་མའི་ཁྲིད། མགོན་པོའི་རྩ་གསུམ་འཁོར་ལོའི་ཁྲིད་སོགས་ཁྲིད་བཀའ་མང་པོ་ཞིག་དང་། རྗེས་གནང་ཟུར་བཀའ་བཅུ་ཕྲག་གཉིས་ཀྱིས་ལྷག་པ་སོགས་ཐུན་མོང་མ་ཡིན་པའི་ཟབ་གནད་རྣམས་གསན། ཡང་ཆོས་རྗེ་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་ཞལ་སྔ་ནས་ལ། འཁོར་ལོ་སྡོམ་ཆེན་གྱི་དབང་། དགྲ་ནག་གི་དབང་སོགས་ཟབ་ཆོས་འགའ་ཞིག་གསན་ཅིང་། ཡང་ལོ་ནས་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་དྲུང་དུ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། བཀའ་གདམས་ལྷ་བཞིའི་ཁྲིད། བློ་སྦྱོང་དོན་བདུན་མ། བཀའ་གདམས་ཕ་ཆོས་བུ་ཆོས། བཀའ་གདམས་གཞུང་དྲུག་སོགས་