R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣བ
[A:༢༣བ]གསུངས། ལམ་འབྲས་དོན་བསྡུས་མ་དེ་མཛད་ནས་གནང་། དེ་ནས་རིམ་གྱིས་ཞུ་བ་པོ་སོ་སོའི་ངོར། སྒ་ཐེང་མ། ཞུ་བྱས་མ། ཀློག་སྐྱ་མ་ལ་སོགས་པ་འགྲེལ་བ་བཅུ་གཅིག་ཙམ་མཛད་པ་ལས། དགེ་བཤེས་སྙགས་ཀྱི་ངོར་མཛད་པ་འདི་ཚིག་ཉུང་དོན་རྒྱས་སྡེབ་ལེགས་པར་དགོངས་ནས་དིང་སང་གི་བར་དུ་འདི་ཕྱག་དཔེ་མཛད་དོ། །དེ་དག་གི་བར་སྐབས་ཀྱི་གསལ་བྱེད་ཡི་གེ་ལ། ཀུན་གཞི་རྒྱུ་རྒྱུད། གདན་སོགས་ལུས་དཀྱིལ། འཆི་ལྟས་བརྟག་པ་འཆི་བསླུ་དང་བཅས་པ། འདའ་ཁ་མའི་གདམས་ངག ཐིག་ལེའི་རྣལ་འབྱོར། ཕྱག་རྒྱའི་མཚན་ཉིད། ཡི་གེས་སྒོ་དགག་པའི་མན་ངག བར་དོ་བཞི། ལམ་དུས་ཀྱི་དབང་། ཚད་མ་བཞི། གདམས་ངག་དྲུག རྟེན་འབྲེལ་ལྔ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག གྲིབ་མ་ཁྲུས་ཀྱིས་སེལ་བ། ཚ་ཚས་སེལ་བ། ཐིག་ལེ་བསྲུང་བ། ཡིག་བརྒྱ་འདོན་ཐབས། རླུང་སྦྱོར་བདུན་གྱི་ལམ་ཁྲིད་པ། བྷ་གའི་ཡི་གེ་བཅུ་བཞི། འཁོར་བཞིའི་རྒྱ། ས་བཅུ་གསུམ་པའི་ས་ཕྱེད་ཀྱི་མངོན་རྟོགས། དོན་བསྡུས་པའི་ཚིགས་བཅད་རྣམས་དང་། དེ་རྣམས་ཀྱི་འཕྲོས་ལ་འཁོར་འདས་དབྱེར་མེད་རྩ་འགྲེལ་གཉིས། དབང་བཞིའི་ཆོ་གའི་གནད། མཆོག་དབང་གསུམ་གྱི་ཡི་གེ ཕྱི་བསྐྱེད་རིམ་གྱི་གདམས་ངག བདུད་རྩི་རིལ་བུའི་སྒྲུབ་ཐབས། འཕྲང་བདུན་བསལ་བའི་མན་ངག བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། ཕྲིན་ལས་སོ་གཉིས། ལམ་འབྲིང་པོ། ལམ་བསྡུས་པ། གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བ། གནད་དྲུག་གིས་བཀྲི་བ། གནད་བཅུ་གཅིག་གིས་བཀྲི་བ། དབང་པོ་