R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤ན
[A:༢༤ན]རབ་འབྲིང་གསུམ་གྱིས་བཀྲི་བ། ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་སྲ་བ་འགྲོས་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས། བླ་མའི་རྣལ་འབྱོར། བླ་མ་བོད་ཀྱི་ལོ་རྒྱུས། རྒྱ་གར་བའི་ལོ་རྒྱུས། བིརྺ་པའི་གླུ་དང་བཅས་པ། དེ་ཐམས་ཅད་ཀྱི་དཀར་ཆག ལམ་སྐོར་གཞན་གྱི་གདམས་ངག་ལ། ཏོག་ཙེ་པའི་བསམ་མི་ཁྱབ་ལ་མན་ངག་ལྔ། མཚོ་སྐྱེས་ཀྱི་རྣམ་ཐར། མཚོ་སྐྱེས་ཀྱི་ཟབ་པའི་ཚུལ་དགུ། ཌོམྦི་པའི་མན་ངག་ལ། མན་ངག་ཚན་པ་བཞི། ནག་པོ་པའི་གཏུམ་མོ་ལམ་རྫོགས། ངག་དབང་གྲགས་པའི་ཡི་གེ་མེད་པ། ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ཡོན་པོ་བསྲང་བའི་མན་ངག ཨིནྡྲ་བྷཱུ་ཏིའི་མན་ངག་རྣམས་ཏེ། དེ་ལྟར་གསུང་ངག་རིན་པོ་ཆེ་ལམ་སྐོར་ཕྱི་མ་དང་བཅས་པའི་གསལ་བྱེད་ཀྱི་ཡི་གེ་དེ་རྣམས་ས་ཆེན་ཉིད་ཀྱི་གསུང་ཁོ་ནར་མ་ངེས་ཀྱང་། བླ་མ་ཆེན་པོ་ཡབ་སྲས་ཀྱིས་མཛད་པའི་ལམ་འབྲས་སོགས་མན་ངག་ཕྱོགས་ཀྱི་བསྟན་བཅོས་ཟབ་མོ་རྣམས་བརྗོད་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་བཀོད་པ་ཡིན་ལ། དཔལ་བརྩེ་བ་ཆེན་པོ་རང་ཉིད་ཀྱིས་བསྟན་པའི་རྒྱུན་ལ་དགོངས་པའི་ལེགས་བཤད་གསར་དུ་མཛད་པ་ནི། རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱི་བསྡུས་དོན། བརྟག་གཉིས་ཀྱི་དཀའ་འགྲེལ། གུར་གྱི་ཐོ་ཡིག་ཟེར་བའི་རྒྱུད་ཀྱི་དོན་བསྡུས། ཀླུའི་བཤད་པ། རྩའི་མངོན་རྟོགས། གུར་གྱི་བཤད་པའི་ཆིངས། རྡོ་རྗེ་སྙིང་འགྲེལ་གྱི་ཡིག་སྣ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་དོན་འགྲེལ། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ། རྩ་རྒྱུད་ཀྱི་ས་བཅད། བདེ་མཆོག་ནག་པོ་