R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༨ན
[A:༡༦༨ན]འབུམ་ཆ་གཉིས་ཀྱིས་མགོ་དྲངས་ནས། གཟུངས་འབུམ་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་པ་ལ་རྒྱས་འབྲིང་བསྡུས་གསུམ། མཐར་བཀྲ་ཤིས་བསྔོ་བ་སྨོན་ལམ་གྱིས་བརྒྱན་པ། སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ། འཇུག་པ་སེམས་བསྐྱེད་ཀྱི་ཆོ་ག མཁན་པོ་ཞི་བ་འཚོའི་བསྟོད་པ། དྲུང་དོན་ཡོད་པ་ལ་བསྟོད་པ། ཐུབ་པའི་བསྟོད་པ་མཁས་པའི་ཡིད་འཕྲོག དེའི་ས་བཅད། སྒྲོལ་མའི་བསྟོད་པ། ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་སྤྲིངས་ཡིག རྒྱ་མ་རིན་པོ་ཆེ་ལ་སྤྲིངས་ཡིག འབྲི་ཁུང་བླ་མ་ཀུན་རྒྱལ་ལ་སྤྲིངས་ཡིག འཚལ་པ་ཀུན་དགའ་རྡོ་རྗེ་ལ་སྤྲིངས་ཡིག་ལ་སོགས་པ་སྤྲིང་ཡིག་ལ་སོགས་པ་སྤྲིངས་ཡིག་གི་སྐོར་ཐོར་བུ་བ་མང་པོ་དང་བཅས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་ཆེས་ཆེར་གསལ་བར་མཛད་པ་སྟེ། དེ་ལྟར་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་ཞིག་གི་སྒོ་ནས་སྐྱེ་དགུ་རྣམས་ཐར་པའི་ལམ་ལ་བཀོད་ནས། ཟང་ཟིང་གི་སྦྱིན་པ་ཡང་སྔ་ཕྱིར་ལོངས་སྤྱོད་ཀྱི་དངོས་པོ་ཅི་བྱུང་བ་ཐམས་ཅད་ཀྱང་དཀོན་མཆོག་གི་ཞབས་ཏོག རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། བླ་མ་གོང་མ་ཞི་པར་གཤེགས་པ་རྣམས་ཀྱི་དུས་མཆོད། ཞལ་མངོན་དུ་གྱུར་པ་རྣམས་ལ་འབུལ་བ་དགེ་འདུན་གྱི་ཞབས་ཏོག སྐྱེ་བོ་ཕལ་པ་རྣམས་ལ་རིགས་མེད་ཀྱི་སྦྱིན་པ་ལ་སོགས་པ་གཞན་དོན་ཁོ་ན་ལས། རང་དོན་དུ་ཅུང་ཟད་ཙམ་ཡང་མི་འཛིན་པ་དང་། ཁྱད་པར་དཔལ་ལྡན་ས་སྐྱའི་བྱང་ཕྱོགས་ཀྱི་མཁས་གྲུབ་ཀྱི་སྐྱེས་བུ་རྒྱུན་མི་ཆད་པར་འབྱོན་པའི་དགེ་འདུན་གྱི་ཀུན་དགའ་ར་བ་བོ་དོང་ཨེར་དགུང་ལོ་དྲུག་ཅུ་རེ་གཅིག་ཙམ་དུ་ཕེབས་པའི་དུས་སུ་མཛད་པའི་ཆོས་