R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༧བ
[A:༡༦༧བ]བཅོས་ཀ་ལཱ་པའི་ཊཱི་ཀ དུས་འཁོར་འགྲེལ་ཆེན་གྱི་ཊཱི་ཀ ས་བཅད། ཆོས་འབྱུང་། དུས་བཞི་སྟོང་པར་འཇུག་ཚུལ་གྱི་རྩིས་གཞི། ཐུགས་དཀྱིལ་གྱི་སྲུང་འཁོར། མངོན་རྟོགས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྲུང་འཁོར། མངོན་རྟོགས། དཀྱིལ་ཆོག སྦྱོར་དྲུག་གི་ཁྲིད་ཡིག ངོ་སྤྲོད་ཆེན་མོ། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ངོ་སྤྲོད་དང་བཅས་པ། དགེས་པ་རྡོ་རྗེ་རྩ་རྒྱུད་ཀྱི་འགྲེལ་པ་རྒྱས་བསྡུས་གཉིས། མངོན་རྟོགས་ཡན་ལག་དྲུག་པ། དཀྱིལ་འཁོར་བདུན་བསྲེའི་ཚུལ་གཅིག ལུས་དཀྱིལ་ཀྱི་དབང་ཆོག ལམ་དུས་ཀྱི་འཁྲིད་ཡིག གུར་རིགས་བསྡུས་ཀྱི་ས་ཆོག མངོན་རྟོགས། དཀྱིལ་ཆོག ཆོས་སྐྱོང་གི་བསྟོད་པ་གཉིས། ཕུད་མཆོད་རྒྱས་པའི་ཡིག་ཆ་གཅིག ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས། ལམ་འབྲས་ཁྲིད་ཡིག གཞུང་བཤད། བྷ་ཡ་ནའི་སྒྲུབ་ཐབས། དྲིལ་བུ་པའི་སྒྲུབ་ཐབས། ལཱུ་ཧི་པའི་མངོན་རྟོགས། གཤེད་དམར་ལྷ་ལྔའི་མངོན་རྟོགས། རྡོ་རྗེ་ཕུར་པའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ། དཀྱིལ་ཆོག དྲག་པོའི་རྗེས་གནང་བྱ་ཚུལ། རྡོར་དབྱིངས་ཀྱི་དཀྱིལ་ཆོག་རྒྱས་བསྡུས་གཉིས། ས་ཆོག་གི་བཀའ་བསྒོའི་ཚིགས་བཅད། དཔལ་མཆོག་རྡོར་སེམས་ཀྱི་དཀྱིལ་ཆོག མགོན་པོ་ཕྱག་བཞི་པའི་གཏོར་ཆོག ལྔ་ལྡན་གྱི་ཁྲིད་ཡིག རབ་གནས་ཉིན་གཅིག་མ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། འདིའི་སྦྱིན་སྲེག རྗེས་གནང་། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག འོད་ཟེར་ཅན་ཕྱག་གཉིས་མའི་སྒྲུབ་ཐབས། སྦྱིན་སྲེག སངས་རྒྱས་ཀྱི་མཚན་འབུམ་ཕྱག་འཚལ་དང་བཅས་པ་དྲུག་དང་། བླ་མའི་མཚན་