R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧ན
[A:༡༧ན]གྱི་སྒྲུབ་ཐབས་ཀྱི་རྣམ་གཞག་དཀྱིལ་ཆོག་ཉི་ཤུ་པ། ཟླ་གྲགས་ཀྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་བཟང་འགྲེལ་པ་གསུམ་དང་བཅས་པ། དོན་འགྲེལ་ཛ་ཡནྟ་དང་། ཐ་ཀ་ན་དང་། སྙིམ་པའི་མེ་ཏོག་ཆེ་ཆུང་གཉིས། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ། མི་བསྐྱོད་རྡོ་རྗེ་བྱ་བའི་སྒྲུབ་ཐབས་བསྟན་པའི་ནོར་རྗས། དེའི་འགྲེལ་པ་བསོད་སྙོམས་པས་མཛད་པ་ཆེ་བ། དེའི་དོན་བསྡུས་ཀ་ཧི་ཀ་ཞེས་བྱ་བ་དང་། སྒེག་པའི་རྡོ་རྗེས་མཛད་པའི་འཇམ་དཔལ་གྱི་འགྲེལ་པ་བར་པར་གྲགས་པ་དང་། དེའི་རྒྱུད་ཟླ་གསང་དཔལ་གྱིས་མཛད་པའི་འགྲེལ་པ། རྣམ་རྟོག་བདེ་བ་ཞེས་བྱ་བའི་འགྲེལ་པ། འགྲེལ་པ་གོང་མ་དེ་དག་གི་ཡན་ལག་གི་ཕྲ་མོ་རྣམས་ཀྱང་གསན་ནོ། །མཚན་ཉིད་ཀྱི་ཕྱོགས་ལ་མངོན་རྟོགས་རྒྱན་མ་གཏོགས་པའི་བྱམས་པའི་ཆོས་བཞི། བསླབ་བཏུས། སྤྱོད་འཇུག མདོ་ཀུན་ལས་བཏུས་དང་། སྤྱོད་ཕྱོགས་ཕྲ་མོ་མང་དུ་གསན་ཏེ་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་བགྲེས་པོ་རྣམས་བགྲོས་ཏེ། ད་ཕ་ཆོས་ཤིག་རྩད་གཅོད་པར་འཐད་པར་འདུག་པ་ལས། པུ་ཧྲང་པ་གསལ་སྙིང་མཁས་ཏེ་ནི་གཤེགས། དེའི་སློབ་མ་འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་མཁས་ཀྱང་ཟེར། གདུང་རུས་ཀྱང་གཅིག་པས་ཁོང་ཅན་བྱོན་པ་དྲག་ཟེར་ནས་བྱོན་པས། དབང་བསྐུར་ཞུས་པས་སྟ་གོན་གྱིས་ནུབ་མོ་མནལ་ལམ་དུ་སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་ཆུ་བོ་ཆེན་པོ་དམར་མེར་བ་ཅིག་ལ་ཟམ་པ་གསུམ་འདུག་པའི་ཆུ་འགྲམ་ན་བསྒྲལ་རྒྱུའི་མི་མང་པོ་འདུག་པས། ང་སྒྲོལ་བར་ཞུ་ང་སྒྲོལ་བར་ཞུ་ཟེར་ནས་དེ་ལ་བསྒྲལ་