R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧བ
[A:༡༧བ]བས། ཟམ་པ་ཕྱི་མ་ལ་མི་གསུམ། བར་པ་ལ་བདུན། ཉེ་ཤོས་ལ་མང་པོ་ཅིག་བསྒྲལ་བ་རྨིས། ཅུང་ཟད་བསྙེལ་ཏེ་ཉི་མ་གཅིག་ལ་བསྙེལ་གསོ་བ་སྙམ་བྱེད་ཙ་ན་མནལ་སད་ནས། ནང་པར་སྒྱི་ཆུ་བས་བླ་མ་འདི་ལ་རྨི་ལམ་དྲིས་པ་ན་འདི་ལྟར་བྱུང་ཞུས་པས། བླ་མ་སྒྱི་ཆུ་བའི་ཞལ་ནས། ཁྱོད་ཀྱི་འཁོས་ཀྱིས་མི་གསུམ་ལས་ག་ལ་སྒྲོལ་ནུས་ཞེས་ཞལ་ཀྱལ་ཡང་གསུངས་ཞེས་གྲགས་སོ། །དེ་ནས་སྔར་ཡབ་ལ་གསན་པའི་ཀྱེ་རྡོ་རྗེའི་རྒྱུད་རྒྱས་པ་གསུམ། འགྲེལ་པ་ཀུ་མུ་ཏི་ཡན་ལག་ཕྲ་མོ་མན་ངག་དང་བཅས་པ། བྲམ་ཟེ་ནག་པོའི་སྲོལ་གྱི་དགེས་རྡོར། རྣལ་འབྱོར་སྦྱོར་ཕྲེང་ཞེས་བྱ་བའི་འགྲེལ་པ་ཡན་ལག་དུ་མ་དང་བཅས་པ། སྙིང་པོའི་སྐོར་གྱི་གྲུབ་པ་སྡེ་བཅོ་བརྒྱད། གྲུབ་པའི་ཁོངས་སུ་གཏོགས་པ་དང་སྙིང་པོའི་སྐོར་ཕྲ་མོ་ཉི་ཤུ་རྩ་ལྔ་ཡན་ལག་དང་བཅས་པ་ཤིན་ཏུ་ཟབ་པའི་མན་ངག་གིས་བརྒྱན་པ་དང་། བླ་མ་འབྲོག་མིའི་བཤད་སྲོལ་གྱི་མཧཱ་མཱ་ཡཱ་འགྲེལ་པ་གཉིས་ཡན་ལག་དང་བཅས་པ་དང་། ཟླ་གསང་ཐིག་ལེ་དང་སངས་རྒྱས་ཐོད་པ་འགྲེལ་པ་ཡན་ལག་དང་བཅས་པ་དང་། མར་པ་ལོ་ཙཱ་བའི་བཤད་སྲོལ་གྱི་གུར་བརྟག གདན་བཞི། མཧཱ་མཱ་ཡ་རྒྱུད་རྐྱང་པ་དང་བཞིའི་བཤད་པ་མན་ངག་དང་བཅས་པ། བླ་མ་མངའ་རིས་པའི་བཤད་སྲོལ། རང་རྒྱུད་ཤར་གསུམ། བསླབ་བཏུས། སྤྱོད་འཇུག་དང་བཅས་པ་རྣམས་གསན་ཞིང་ཁོང་དུ་ཆུད་པར་མཛད་དོ། །དེའི་དུས་སུ་ཁོང་ལ་གྲྭ་པ་བརྒྱད་ཅུ་ཙམ་ཡོད་པའི་ནང་ནས། ས་ཆེན་འདི་ཉིད་ཀྱིས་ལུང་དང་རིག་པ་ཕྱིན་ཅི་མ་ལོག་པར་མཁྱེན་པ་དང་། འཇམ་དཔལ་གྱིས་རྗེས་སུ་བཟུང་བའི་སྟོབས་ཀྱིས་ཆོས་གསན་པ་ཀུན་ཚར་རེ་ལ་མཁྱེན་ཏེ། བླ་མ་