R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༧བ
[A:༡༥༧བ]མོ། །ཡང་ལོ་ཙཱ་བ་ཆེན་པོ་དཔང་བློ་གྲོས་བརྟན་པའི་དྲུང་དུ་དགུང་ལོ་བཅུ་དགུ་པ་ལ་དཔལ་ལྡན་ས་སྐྱའི་སེང་གེ་སྒང་གི་མདུན་གྱི་ཁབ་ཅེས་པའི་ཁང་བཟང་ཞིག་ཏུ། གཅེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་དང་གཉིས་ཀྱིས་མངོན་པ་ཀུན་ལས་བཏུས་ཀྱི་བཤད་བཀའ་དང་། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ལ་སོགས་པ་དང་། དགུང་ལོ་ཉེར་གཅིག་བཞེས་པའི་ཚེ་རིན་ཆེན་སྒང་བླ་བྲང་དུ་དབུ་མ་རྩ་བ་ཤེས་རབ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང་། དེའི་ཚིག་གི་འགྲེལ་པ་ཚིག་གསལ་དུ་གྲགས་པ་དང་། དོན་གྱི་འགྲེལ་པ་དབུ་མ་འཇུག་པ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་རང་འགྲེལ་དང་བཅས་པ་དང་། དབུ་མ་བཞི་བརྒྱ་པ་འཕགས་པ་ལྷས་མཛད་པ་འགྲེལ་པ་དང་བཅས་པ་ལ་སོགས་པ་དབུ་མའི་གཞུང་ལུགས་མཐའ་ཡས་པ་ཞིག་དང་། གཞན་ཡང་འཁོར་ལོ་བདེ་མཆོག་ལྷ་ལྔ་ལྷ་བཅུ་གསུམ་མ་སོགས་ཀྱི་སྒྲུབ་ཐབས་ཀྱི་ལུང་དང་། ཡང་གཤིན་རྗེ་གཤེད་ཀྱི་སྐོར་དུ་མ་དང་། སྒྲོལ་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྣམས་གསན་ཅིང་། དགུང་ལོ་ཉེར་གཉིས་བཞེས་པ་ན་བོ་དོང་ཨེར་ལོ་ཙཱ་བ་དེ་ཉིད་ཀྱི་དྲུང་དུ་སའི་དངོས་གཞི། མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ་རྒྱལ་སྲས་མ་དང་བྱམས་ཆོས་ཕྱི་མ་བཞི་འགྲེལ་པ་དང་བཅས་པ་དང་། ཉི་ཤུ་པ་རྩ་འགྲེལ། སུམ་ཅུ་པ་རྩ་འགྲེལ་ལ་སོགས་པ་དང་། ཡང་དགུང་ལོ་ཉེར་གསུམ་པའི་དུས་སུ་བོ་དོང་གི་བྱང་ཆུབ་ལུང་ཞེས་བྱ་བ་དེར་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པའི་དབུ་བཙུགས་ནས་དཔལ་ལྡན་ས་སྐྱའི་ཆོས་རྗེ་ལོ་ཙཱ་བ་ཉིད་ཀྱི་གཟིམ་ཁང་དུ་དེའི་འཕྲོ་གསན་ནས། འདིའི་དྲུང་དུ་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ་