R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༣ན
[A:༡༢༣ན]ཀྱི་མེ་མོ་ཡོས་བུའི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔའི་དགོངས་མོ་འདམ་དུ་ཆག་ཕེབས། བཅུ་དྲུག་གི་ནུབ་མོ་ནས་མཇལ་ནས། ནུབ་བདུན་དུ་དྲི་བ་འདི་ཚོ་དང་། གཞན་ཡང་སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་ལ་སོགས་པས་དབུ་བྱས་པའི་སྒྲུབ་ཐབས་དང་ཆོས་དཔག་ཏུ་མེད་པ་རང་གིས་མིང་ཐོན་ཚད་གནང་། ཉི་ཤུ་དྲུག་གི་ནང་མོ་མཉམ་གྱེས་བྱས། གནམ་སྟོང་གི་ནུབ་མོ་འཆད་ཁར་སླེབ། མགོའི་ཟླ་བའི་ཚེས་གཅིག་ལ་གོ་ཚོད་དྲན་པ་གསོ་བའི་ཆེད་དང་། གཞན་ཡང་འཕགས་པ་ནོར་བཟང་གི་རྣམ་པར་ཐར་པ་ལས། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བས། དོན་ཐམས་ཅད་འགྲུབ་པར་གསུངས་པ་དང་། འཕགས་པ་རྟག་ཏུ་ངུ་ཡང་འཕགས་པ་ཆོས་འཕགས་དང་འཕྲད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྡུས་པ་ནམ་ཐོས་སེམས་པ་ཡིད་ལ་བྱེད་པ་གཞན་གང་ཡང་མ་བགྱིས་པས་ལམ་ཐམས་ཅད་རྒྱུད་ལ་སྐྱེས་པ་དང་། པོ་ཏོ་བའི་གདམས་ངག་ནས་ཀྱང་། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི་དགེ་བའི་བཤེས་གཉེན་མི་གཏོང་བ་ཡིན། དེ་ལ་དད་དང་བྱང་ཆུབ་སེམས་སོགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར་ཡིན་པ་ལ་སོགས་པ་གསུངས་པ་དང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བའི་རྒྱུ་མཚན་དཔག་ཏུ་མེད་པ་ཡོད་པར་ཐོས། ཅུང་ཟད་གོ་ནས་ཡིག་རྡོག་འགའ་བྲིས་པ་འདི་སྣོད་དང་མི་ལྡན་པ་གཞན་གྱིས་མི་མཐོང་བར་གྱུར་ཅིག སྦས་ཀྱང་མི་ལག་འཆུགས་ནས་མཐོང་ནས་མ་དད་པ་སྐྱེས་ན། དེའི་སྡིག་པ་བདག་རང་ལ་སྨིན་པར་གྱུར་