R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༢བ
[A:༡༢༢བ]གདའ། གཞན་ཡང་དགེ་བ་ཕལ་གྱི་ཆ་མཐུན་ཚང་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རྒྱལ་པོ་རང་ཉིད་ཀྱི་རྣམ་ཐར་ངོ་མཚར་ཅན་དུ་མ་བཀའ་སྩལ་ཞིང་། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དུ་མའི་རྒྱས་བཤད་དང་དོན་བསྡུས་སོགས་གང་གསུངས་ཀྱང་དེ་ཁོ་ན་ལ་སྦྱངས་པ་ལྟ་བུའི་ཚུལ་གྱིས་ཡུན་རིང་དུ་གསུངས་ཤིང་། ཁྱད་པར་སྡེ་སྣོད་ཀྱི་ཆོས་ཀྱི་རྗེས་ལ་སྐུ་ལ་དངོས་སུ་གསོལ་པའི་བླ་གོས་ཕུད་ནས་བདག་ལ་གནང་། འདི་ཡིས་རྣལ་འབྱོར་འགྲུབ་ཀྱིས་གསུངས། །ཞེས་སོགས་གསུང་བགྲོས་དྲན་ཙམ་ན། །བདག་གི་ལུས་ཀྱི་བ་སྤུ་འགུལ། །གནང་བའི་ཆོས་གོས་མཐོང་རེས་ཀྱི། །མིག་གི་ནང་ནས་མཆི་མ་དཀུ། །ཁྱོད་མཐོང་གསུང་ཐོས་འབྲེལ་འཇོག་རྣམས། །སྐྱེ་ནས་སྐྱེ་བ་ཐམས་ཅད་དུ། །ད་ནི་དོན་དང་བཅས་ལགས་པས། །དགའ་བར་གྱིས་ཤིག་འབྲས་བུ་ཡོད། །ཁྱོད་ལ་བརྟེན་ནས་བདག་སོགས་ཀྱིས། །ཐུགས་དང་འགལ་བའི་ཉེས་པ་རྣམས། །མེ་དང་བྲལ་བའི་དུ་བ་བཞིན། །ནམ་མཁའི་དབྱིངས་ལྟར་དག་གྱུར་ཅིག །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །ས་རླན་ཙམ་ཞིག་གོས་པ་ཡི། །དགེ་བས་བདག་དང་འགྲོ་དྲུག་རྣམས། །བླ་མའི་ཞབས་དྲུང་སྐྱེ་བར་སྨོན། །ཞབས་དྲུང་སྐྱེས་ནས་ཐུགས་མཉེས་ཏེ། །རྣམ་ཐར་ཐམས་ཅད་རྫོགས་བསླབས་ནས། །སྐྱབས་མེད་མགོན་དང་བྲལ་བ་ཡི། །ཁམས་གསུམ་སེམས་ཅན་སྒྲོལ་བར་ཤོག །དྲིས་ལན་གྱི་ཡི་གེ་བྲལ་གྲུལ་རྡོག་པོ་འགའ་ཞིག་པོ་འདི་ཚོ་ནི་ཤཱཀྱའི་དགེ་སློང་ནམ་མཁའ་འབུམ་ལོ་དྲུག་ཅུ་རེ་གཅིག་ལོན་པ་གཅིག་གི་བླ་མ་ཆོས་ཀྱི་རྒྱལ་པོ་ལུག་ལོ་པ་སུམ་ཅུ་སོ་གསུམ་ལོན་པ་གཅིག་ས་སྐྱ་པའི་རྩིས་ལུགས་